ཟླ་ལྔ་བའི་མདོ་ལ་རི་བོ་ནི་གངས་རི་དང་གངས་རི་མུ་ལྟར་བསྒྲིགས་ཤིང་། བར་གསེང་ན་སྤྲིན་པས་འཐིབས་ལ། མཐའ་ཡས་པའི་ས་གཞི་ཆེན་མོའི་སྟེང་མི་རིགས་མང་པོ་དང་རིག་གནས་མང་པོ་མཉམ་དུ་འདྲེས་ནས་འཆམ་མཐུན་ངང་བསྡད་ཡོད།མདོ་ལ་རི་བོའི་ལྷོ་རྒྱུད་དུ་བསྐྱོད་ཚེ། ས་བབ་སྨི4520ཡན་གྱི་གངས་རིའི་གསེབ་ན། གཡའ་དག་ཅིང་འཁྱག་པས་བསྡམ་པ། རྔམ་བརྗིད་ཆེ་བའི་ལོ་ངོ་སྟོང་ཕྲག་གི་གངས་འཁྱག་ཅིག་མིག་སྔར་བསྟར་ཡོང་། ལོ་ངོ་སྟོང་ཕྲག་རིང་། རིང་ཚད་སྤྱི་ལེ་འགའ་ཡོད་པའི་གངས་འཁྱག་སྟེང་གི་ཆུ་རྒྱུན་གྱིས་ཆུ་ནག་ཆུ་བོར་ཚེ་སྲོག་བསྩལ་ལ། མདོ་ལ་རི་རྒྱུད་ལ་གསོན་ཤུགས་གཞན་ཞིག་བསྣན་ཡོད།

མདོ་ལ་རི་རྒྱུད།

མདོ་ལ་རི་བོའི་བརྒྱད་གཅིག་གངས་འཁྱགམདོ་ལ་རི་བོའི་བརྒྱད་གཅིག་གངས་འཁྱག

མཚམས་སྤྲིན་འོག་གི་མདོ་ལ་རི་རྒྱུད།