ས་ཆ་མང་པོའི་བྱུར་རྡོའི་མདོག་དཀར་པོར་གྱུར་བ།
发布时间:2024年05月23日
消息来源:
ཡོང་ཁུངས། མི་དམངས་དྲ་བ།
ས་གནས་དེ་གའི་དུས་ཚོད་ཟླ5པའི་ཚེས16ཉིན། ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས(NBC)ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་པོ་དོ་དམ་ཅུས(NOAA)ཀྱི་དཔོན་རིགས་ཀྱིས་འཛམ་གླིང་རྒྱ་མཚོའི་དྲོད་ཚད་ཇེ་མཐོར་ཕྱིན་པའི་དབང་གིས། བྱུ་རུའི་བྲག་རྡོ་མང་ཆེ་བ་ཉེན་ཁའི་གནས་སུ་གྱར་ཡོད་ཅེས་བཤད་པ་རེད།

ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་པོ་དོ་དམ་ཅུས་ཀྱི་བྱུ་རུའི་བྲག་རྡོ་ལྟ་ཞིབ་མཐུན་སྦྱོར་པ་ཏེ་ལི་ཁེ·མན་ཙེ་ལུའོ་ཡིས། 2023ལོར་ནུབ་རྒྱ་མཚོ་ཆེན་པོ་དང་ཀཱ་ལེ་པིའི་རྒྱ་མཚོ། མོ་ཞི་ཁོ་མཚོ་ཁུག་བཅས་ཀྱི་ས་ཁུལ་ཁག་གཅིག་གི་གནམ་གཤིས་ཧ་ཅང་དྲོན་པོར་གྱུར་བས། ཚ་ཤུགས་ཀྱི་ཆུ་ཚད་དེ་དོན་དངོས་སུ་ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་པོ་དོ་དམ་ཅུས་ཀྱི་ད་ཡོད་ཉེན་བརྡའི་མ་ལག་གི་ཁྱབ་ཁོངས་ལས་བརྒལ་ཡོད་ཅེས་བཤད་པ་རེད།