ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་།
发布时间:2024年05月24日 消息来源:

 རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


   ཟི་ལིང་གྲོང་ཁྱེར་གྱི་ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་གྲོང་ཁྱེར་གྱི་ལྟེ་གནས་ཡོངས་སུ་བརྒྱུད་ཡོད་པས། འབྲུབ་འགོག་དང་གནམ་གཤིས་སྙོམས་པ། ཆུ་སྤུས་བསིངས་པ་སོགས་ཀྱི་བྱེད་ནུས་འདོན་ཐུབ་ཅིང་། དེ་ནི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གནས་གཙོ་བོ་ཞིག་ཀྱང་ཡིན། ད་ལྟ། ཟི་ལིང་ཙོང་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་ཟི་ལིང་གྲོང་ཁྱེར་གཞིས་དམངས་ཀྱི་སྤྲོ་གསེང་དང་ལུས་སྦྱོང་། རོལ་རྩེད་སོགས་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། འདི་ནི་གྲོང་ཁྱེར་གཞིས་དམངས་ཀྱིས་སྤྱི་གླིང་གི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་པའི་ཚུལ་རེད།