དྲ་ལམ་ཞོགས་འཕྲིན། 祥云早茶

1
ཡོང་ཁུངས། ཉིན་རེའི་གངས་ལྗོངས།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྟེང་། སྤུས་ལེགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་ཚོར་དང་བདེ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

2
ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོམས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཐིག་དམར་ཀུ་ནེ་ཡའི་ཙུང་ཐུང་ཨའོ་པིས་ཨང་དང་གྲོས་མོལ་གནང་བ་རེད།

3
ཚེས28ཉིན། ལྷ་གྲུ་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་ཚན་ཆུང་གིས་ཐེངས་དང་པོར་གྲུ་ཚང་ནས་ཕྱི་རུ་འབུད་པའི་བྱེད་སྒོ་བདེ་བླག་ངང་སྤེལ་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།

4
སྤྱི་བདེ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལོ་ལྔའི་རིང་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་རྩ་འཛུགས་ཁྱོན5200ལྷག་ཙམ་མེད་པར་བཟོས་ཟིན་པ་རེད།

5
སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་སྒོས་བསྐྲུན་པར་ཁྲིམས་ཀྱིས་འགན་ལེན་བྱ་ཆེད། ༼མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་པའི་སྲོལ་ཡིག༽ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

6
༼མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཤེས་དཔལ་དང་ལག་ལེན་སློབ་གསོའི་རྟེན་གཞི་གཉིས་ཀྱི་ཇུས་འགོད་ཇུས་གཞིར༽དཔྱད་ཞིབ་རྩིས་ལེན་ཐོབ།

7
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག14ཡིས་ཉེ་ཆར་བརྡ་ཐོ་པར་འགྲེམས་བྱས་ཏེ། སྨན་རྫས་ཉོ་ཚོང་ཁྱབ་ཁོངས་དང་སྨན་བཅོས་ཞབས་ཞུའི་ཁྲོད་ཀྱི་ཚུལ་མིན་སྤྱོད་ཚུལ་དག་ཐེར་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

8
སྐབས་ལྔ་བའི་ཁྲང་ཡའོ་རྟགས་མའི་སྙན་ངག་བྱ་དགའི་མཇུག་འབྲས་ཁྱབ་སྒྲགས་བྱས་ཡོད་པ་དང་། ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་ཁྲང་ཡའོ་རྟགས་མའི་སྙན་ངག་བྱ་དགའ་གནང་བའི་མཛད་སྒོ་དེ2024ལོའི་ཟླ6པའི་ཟླ་སྨད་དུ་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སྤེལ་འཆར་ཡོད་པ་རེད།

9
གསར་འགོད་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རི་བོའི་ས་ཁུལ་གྱི་སྲན་རིགས་གཟན་རྩྭའི་སོན་འདྲེན་རྒྱུད་སྤེལ་གྲུབ་འབྲས་དེ་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ཡོད་པ་རེད།

10
མཁའ་རླུང་གྲང་མོ་དང་ལྷོ་ནུབ་ཀྱི་དྲོད་བརླན་རླུང་རྒྱུན་གྱི་ཐུན་མོང་གི་ཤུགས་རྐྱེན་འོག སྔོན་དཔག་བྱས་པ་ལྟར་ན། ཚེས28ནས29བར་དང་ཚེས30ནས31བར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་ཆུ་འབབ་པའི་གནམ་གཤིས་ཡོད་པ་རེད།