དབྱར་དུས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་།
发布时间:2024年06月04日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

བར་སྣང་ནས་པར་བླངས་པའི་ཕོ་བྲང་པོ་ཏ་ལ་དང་སྤྱི་གླིང་གི་ཟུར་ཞིག

    图片

ཕོ་བྲང་པོ་ཏ་ལ་འདབས་རོལ་གྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་།

    图片

གྲོང་མི་ཚོས་སྤྱི་གླིང་ནང་དུ་འཆམ་འཆམ་བྱེད་པ།

   图片

གྲོང་མི་ཚོས་སྤྱི་གླིང་ནང་སྐོར་བྲོ་འཁྲབ་བཞིན་པ།

  图片

ལྗང་མདོག་གིས་ཁྱབ་པའི་སྤྱི་གླིང་།

  图片

སྤྱི་གླིང་ནང་གི་ཚན་རིག་ཁྱབ་གདལ་ཁྱམས་རིང་།

  图片

སྤྱི་གླིང་གི་ཟུར་ཞིག
དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནང་བསྐྱོད་དུས་གང་ས་གང་དུ་ལྗང་མདོག་གིས་ཁྱབ་པ་དང་། འདབ་ཆགས་བྱ་ཡིས་རྩེད་དགའི་གླུ་དབྱངས་ལེན་ཞིང་། གནམ་སྔོན་པོ་དང་སྤྲིན་དཀར་པོ། རི་སྔོ་ཆུ་དྭངས་བཅས་ཀྱིས་མ་བཅོས་ལྷུན་གྲུབ་ཀྱི་མཐོ་སྒང་གི་མཛེས་ལྗོངས་ཤིག་ཆགས་ཡོད།
རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་དཀྱིལ་དབུས་དང་ཕོ་བྲང་པོ་ཏ་ལའི་འདབས་རོལ་ཏུ་ཆགས་ཡོད་པས། དེ་ནི་ཕྱི་ཕྱོགས་སུ་ནམ་ཡང་སྒོ་ཕྱེས་པའི་སྤྱི་གླིང་ཞིག་ཡིན་པ་མ་ཟད། གྲོང་མི་དང་ཡུལ་སྐོར་པས་ཚ་གཡོལ་བྱེད་ས་དང་ལྟ་སྐོར་བྱེད་ས། སྤྲོ་གསེང་བྱེད་སའི་གནས་མཆོག་ཤིག་ཏུ་གྱུར་ཡོད། །