ང་སྐྱོབ་ས་ཚིགས་ཀྱིས་དགོ་དམར་ཞིག་བསྐྱབས།
1 ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་སྐོར་གྱི་རྣམ་བཤད་གཅེས་བསྡུས།༽ ཞེས་པའི་པའི་གསུང་རྩོམ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། 2 2024ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་སྐབས་སུ། རྒྱལ་ཡོངས་དང་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཁྱོན་བསྡོམས་མི་ཐེངས་དུང་ཕྱུར1.1ཟིན་པ་དང་། དེ་དུས་མཚུངས་ལས6.3%འཕར་ཡོད་པ་རེད། 3 བསྟུད་མར་ཉིན་འགའི་རིང་། ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་ཆེད་དབྱིན་ཇི་དང་། ཨ་ཧྥེ་རི་ཁ་ལྷོ་མ། འཇར་མན་སོགས་རྒྱལ་ཁབ་མང་པོས་འབྲུག་གྲུ་འགྲན་སྡུར་སོགས་ཀྲུང་གོའི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཡོད་པ་རེད། 4 5 མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་དོ་དམ་ཅུས་མདའ་བཞི་དོ་དམ་ཡན་ལག་ཅུས་བྱེ་གླིང་སྲུང་སྐྱོང་ས་ཚིགས་ཀྱི་ལས་བྱེད་མི་སྣས་རྒྱུན་ལྡན་གྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་སྐབས་རྨས་སྐྱོན་ཕོག་པའི་དགོ་དམར་ཞིག་སྐྱོབ་ཐུབ་པ་བྱུང་། 6 7 གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་བསྡོམས་པས་ཁྲི6.56ཟིན་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ནང་ཞུགས་མཁན་གྱི་མི་གྲངས་ཁྲི5.21ཟིན་ལ། ཞིང་ཆེན་ཡོངས་སུ་ཁྱོན་རྒྱུགས་ལེན་ས་ཁུལ34དང་། རྒྱུགས་སྤྲོད་ས་ཚིགས52། རྒྱུགས་ར1797བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས"མཐོ་རྒྱུགས་ཀྱི་བདེ་འཇགས"ལ་རམ་འདེགས་བྱས། 8 9 10 ཚེས10ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་བསྒྲུབས་པའི༼སྙིང་བཅུད་རྒྱུན་འཛིན། བདེན་སྲུང་གསར་གཏོད༽- ཅེས་པའི་དུས་གཟེར་ཉེར་བཞི་ལ་སྲོལ་རྒྱུན་ཀྲུང་བོད་གསོ་རིག་མཚོ་སྔོན་དུ་བསྐྱོད་པའི་མུ་འབྲེལ་བྱེད་སྒོ་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་ནས་སྤེལ་ཡོད་པ་རེད། 11 ཚེས11ཉིན་གྱི་ཆུ་ཚོད20ནས་ཟླ6ཚེས12ཉིན་གྱི་ཆུ་ཚོད20བར་མཚོ་ནུབ་ནུབ་རྒྱུད་དུ་སྤྲིན་མང་བ་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་ཆར་ཆུང་ཆུང་ངམ་ཡང་ན་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཆུ་དམར་ལེབ་དང་། རྫ་སྟོད། ནང་ཆེན། རྨ་སྟོད་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད། ཡོང་ཁུངས། ཉིན་རེའི་གངས་ལྗོངས།
རང་རྒྱལ་གྱི་ཚན་རིག་པ་ལ་ཐོག་དང་པོར་མཚོ་བོད་ས་མཐོའི་གཏད་རྒྱུག་རིམ་པའི་རླུང་ཁམས་ཆེན་པོའི་མུ་འབྲེལ་ལྟ་དཔྱད་ཚད་འཇལ་གྱི་གཞི་གྲངས་ཐོབ་ཡོད་པ་རེད།
ཚེས9ཉིན། ཀན་སུའུ་ཞིང་ཆེན་བླ་བྲང་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་སྒོ་འབྱེད་མཛད་སྒོ་གཙོས་གྲོང་ཁྱེར་དུ་སྤེལ་ཡོད་པ་རེད།
རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། བཟོ་འཕྲིན་པུའུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁུལ། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་ནུས་ཁུངས་ཅུས་སོགས་སྡེ་ཁག་མང་པོས་ངར་ལྕགས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བའི་ཆེད་དོན་བྱ་བ་ལ་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་པད་ཁ་དང་གྲོ གཟན་རྩྭ་སོགས་རྒྱལ་ཁབ་ཀྱི་འགག་སྒྲོལ་རྣམ་གྲངས་ནང་ཚུད་ཡོད་པ་རེད།