ཕེབས་དང་། ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་མཚོ་བྱང་དུ་འཚོག་ལ་ཉེ།
མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་ཆེན་མོ་དེ་སྤྱི་ཟླ6པའི་ཚེས28ཉིན་ནས་སྤྱི་ཟླ7པའི་ཚེས3ཉིན་བར་མཚོ་བྱང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་བྱེས་རྟེན་གཞི་ནས་འཚོག་རྒྱུ་ཡིན་པས་ཕྱོགས་ཡོངས་ཀྱི་གླུ་བ་གླུ་མ་དང་རྒྱ་ཆེའི་ལྟ་མཁན་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།། དུས་ཚོད། ཟླ6པའི་ཚེས28ཉིན་ནས་ཟླ7པའི་ཚེས3ཉིན། ས་གནས། མཚོ་བྱང་ཁུལ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་བྱེས་རྟེན་གཞི། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་དང་སྤྱིའི་རྟིང་རྩོད་འགྲན་སྡུར།

གྲོང་རྩེ་བའི་གྲས་ཀྱི་རོགས་ལོ།།
རོགས་རང་རང་ས་ལ་འགྲོ་དུས།།
ཁྱོད་སོང་ནས་ནམ་ཚོད་ཐོན་རྒྱུ།།
ཁྱོས་ཐོན་ཚོད་འདུག་ཚོད་ཤོད་དང་།།
སྡེ་ཁ་རུ་ཉུལ་ནས་བལྟ་རྒྱུ།།
ཁ་ཚིག་གསུམ་དོན་ལ་འབེབ་རྒྱུ།།
ས་སྡེ་ཆེན་སྡེ་ལུང་གོང་མ་ནས།།
ངའི་འདང་ཅན་རོགས་ལོར་ཤོད་ལ།།
སྟག་ཤ་རས་སྡེ་རུ་ཉུལ་དུས།།
རོགས་རང་ལ་བུད་ཐལ་མ་འདོད།།
ཕྱི་སྡེ་ཆེན་སྡེ་བ་ཁ་གདུག་ཆེ།།
གཏམ་དང་མི་ཁ་ཁོག་གདུག་ཆེ།།
ང་མ་སོང་བློ་ཞིག་མེད་ནི་ཡིན།།
ལོ་གཞུག་མར་ཕྱི་བསྐོར་མ་བརྒྱབ་ན།།
ང་ཞི་ལུའི་ཕྱོགས་ནས་ཤོར་ནི་ཡིན།།
རོགས་ཆུང་ལོར་འཇོག་མེད་བཅས་ནི་ཡིན།།


ཁྱོད་ཕ་རིའི་ཕ་བཟང་བུ་ཚ།།
ང་ཚུ་རིའི་ཞང་བཟང་ཚ་མོ།།
མཉམ་གཅིག་ལ་གྲོང་ནས་ཐུག་ནས།།
ལྷན་གཅིག་ལ་འགྲོགས་ལས་མེད་པ།།
ས་སྡེ་ཆེན་སྡེ་བའི་བཀའ་རེད།།
རོགས་འོ་སྐོལ་གཉིས་ཀའི་ལས་རེད།།
མར་བལྟས་ཀྱི་རྩེ་བའི་གྲོང་ནས།།
རོགས་ཁ་མཐུན་ཀན་གྱི་སྐྱིད་ལ་ལྟོས།།
ཞེ་ཆགས་ས་མེད་ལ་བུད་འགྲོ་གི།
ངའི་ཞེ་མཐུན་ཁྱོད་དང་འུ་གཉིས་ཀ།
སྡེ་ཆེན་པོ་མི་ཁའི་འོག་ནས།།
གཅིག་ཐུག་པ་ད་མ་ཡུད་རེད།།
ཞེ་སྡུག་པ་བསྐལ་བ་སྟོང་རེད།།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།