ཤན་རྨེན་རྒྱུན་ལྡན་མིན་པའི་མངོན་ཚུལ་བཞི།
发布时间:2024年06月19日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

དྲི་ཆེན་གྱི་ཁ་དོག་ཞན་ལ་ཆུ་ཁར་གཡེང་སླ་བ་ནི་འཚོ་བཅུད་བསྡུ་ལེན་བྱས་པ་མ་འདངས་པའི་མངོན་ཚུལ་ཞིག་ཡིན། ཤན་རྨེན་ལ་གནད་དོན་བྱུང་ན་རྒྱུན་ལྡན་ལྟར་འཇུ་རྩི་བཟོ་མི་ཐུབ་པས་དྲི་ཆེན་དེ་ཁ་དོག་སྐྱ་ལ་སབ་སོབ་ཅིག་ཏུ་འགྱུར་བ་ཡིན། གཞན་ཤན་རྨེན་ལ་ཚིལ་དབྱེ་ཕྲལ་བྱེད་པའི་བྱེད་ནུས་ཀྱང་ལྡན་པས། དྲི་ཆེན་ལ་སྣུམ་འདྲེས་པ་དང་བཤང་ཟོམ་ཁ་ལ་ཞག་ཚིལ་སྲབ་བུ་ཞིག་ཆགས་ཡོད་པ་དེ་ནི་ལུས་ཕུང་གིས་ཟ་མའི་ཁྲོད་ཀྱི་སྣུམ་ཚིལ་དབྱེ་ཕྲལ་བྱེད་མ་ཐུབ་པ་ལས་བྱུང་བ་ཡིན། གསུས་ཁོག་ན་བ་ནི་ཤན་རྨེན་འབྲས་སྐྲན་དང་དོས་དྲག་ཤན་རྨེན་གཉན་ཚད་ཀྱི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ། གསུས་ཁོག་ན་སྟངས་ལའང་ནད་བབ་མི་འདྲ་བའི་དབང་གིས་ཁྱད་པར་ཡོད། གལ་ཏེ་ན་ཟུག་ལང་སྐབས་གསུས་ཁོག་གི་དཀྱིལ་ནས་མགོ་བརྩམས་ཏེ་སྒལ་བ་དང་རྐེད་པར་ཁྱབ་པ་དང་། ཨའོ་མེ་ལ་ཙུའོ་དང་ཨེ་སོ་མེ་ལ་ཙུའོ་བསྟེན་ཡང་ཕན་པ་མེད་ན། དུས་ཐོག་ཏུ་སྨན་པར་སྟོན་དགོས་ཏེ། རྒྱུ་མཚན་ཤན་རྨེན་འབྲས་སྐྲན་གྱི་དབང་གིས་གསུས་ཁོག་ན་བ་དེ་ཕོ་མིད་ལྡོག་རྒྱུག་ནད་དང་ཕོ་རྒྱུའི་ནད་གཞན་ལ་ནོར་སླ་བ་ཡིན། འོན་ཀྱང་ནད་རྗེས་མ་གཉིས་ལ་སྨན་བསྟེན་ན་ཕན་ཐོགས་པས། གལ་ཏེ་གློ་བུར་དུ་ན་ཟུག་ལངས་པ་དང་ན་ཟུག་དེ་གསུས་ཁོག་གི་དཀྱིལ་ཁོ་ནར་འདུས་ཡོད་ན་ཕལ་ཆེར་དོས་དྲག་ཤན་རྨེན་གཉན་ཚད་ཡིན།
གཅིན་སྙི་ཟ་ཁུའི་ནད་བྱུང་བ།
ཤན་རྨེན་ཟགས་ཐོན་སྐུལ་རྒྱུ་ནི་ལུས་པོར་ཤན་གླིང་རྒྱུ་གྲུབ་པ་དང་ཁྲག་མངར་ཚོད་འཛིན་པར་ཕན་པས། ཤན་རྨེན་ལ་ཉེན་ཁ་བྱུང་ན་ནད་པརⅡརྣམ་པའི་གཅིན་སྙི་ཟ་ཁུའི་ནད་ཡང་འབྱུང་བ་ཡིན། དེ་བས་གལ་ཏེⅡརྣམ་པའི་གཅིན་སྙི་ཟ་ཁུའི་ནད་ཡོད་པ་ཡིན་ན་ཤན་རྨེན་ལ་ཡང་ཞིབ་བཤེར་བྱ་དགོས།
ཟ་མ་སྣུམ་ཅན་ཟོས་ན་སྐྱུག་མེར་ལངས་པ།
ཧེམ་བག་དང་མར་སིལ། མཁྲེགས་འབྲས་སོགས་ཚིལ་འདུས་ཚད་མཐོ་བའི་ཟས་ཟོས་ན་སྐྱུག་མེར་ལངས་པ་དེ་ཡང་ཤན་རྨེན་གྱི་བྱེད་ནུས་ལ་གནོད་སྐྱོན་ཕོག་ནས་དེ་དག་འཇུ་དཀའ་བར་གྱུར་པའི་དབང་གིས་ཡིན།