མི་དམངས་ཤོག་སྒོར་གྱི་འཛམ་གླིང་གི་ཨང་རིམ་བསྒྲཊ་འདུག
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས18ཉིན། གོ་ལ་ཧྲིལ་པོའི་དངུལ་ཁང་དངུལ་རྩའི་གློག་འཕྲིན་མཐུན་ཚོགས(SWIFT)ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། 2024ལོའི་ཟླ6པར། དངུལ་གྲངས་བསྡོམས་རྩིས་བྱས་པའི་གོ་ལ་ཧྲིལ་པོའི་གཏོང་སྤྲོད་དངུལ་ལོར་གྱི་མིང་གྲལ་ཁྲོད། མི་དམངས་ཤོག་སྒོར་གྱིས་གོ་ལ་ཧྲིལ་པོའི་ཆེས་འཁྲུག་ཆ་དོད་པའི་དངུལ་ལོར་ཨང་བཞི་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ནས་བསྡུར་ཚད4.61%བཟུང་ཡོད་པ་རེད། འདི་ནི་མི་དམངས་ཤོག་སྒོར་བསྟུད་མར་ཟླ་བརྒྱད་རིང་གོ་ལ་ཧྲིལ་པོའི་ཆེས་འཁྲུག་ཆ་དོད་པའི་དངུལ་ལོར་ཨང་བཞི་པ་རྒྱུན་འཁྱོངས་བྱས་པ་རེད་འདུག

གཞི་གྲངས་ལས་མངོན་པར། ད་ལོའི་ཟླ6པར་དངུལ་ལོར་གཙོ་བོ་ཡིན་པའི་གཏོང་སྤྲོད་དངུལ་གྲངས་ཀྱི་མིང་གྲལ་ཁྲོད་ཨ་སྒོར་དང་ཡོ་སྒོར། དབྱིན་པང་བཅས་ཀྱིས་སོ་སོར47.08%དང་། 22.72% 7.08%བཟུང་བ་དེ་ཨང་རིམ་སྔོན་མ་གསུམ་དུ་སླེབས་ཡོད།
གཞན་ཡང་། 2022ལོའི་ཟླ11པ་དང་བསྡུར་ན། 2024ལོའི་ཟླ6པར་གོ་ལ་ཧྲིལ་པོའི་གཏོང་སྤྲོད་ཁྲོད་མི་དམངས་ཤོག་སྒོར་གྱི་ཐོབ་སྐལ་ཧ་ལམ་ལྡབ་གཅིག་འཕར་བ་དང་། སྐབས་དེ་དུས་བཟུང་བའི་བསྡུར་ཚད2.37%ལས་ཟིན་གྱི་མེད་པ་རེད།