རྩེ་ཁོག་རྫོང་གིས་སྐབས་གཉིས་པའི་འབྲོག་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་བྱ་འགུལ་དང2024ལོའི་རྩྭ་ཐང་གི་དགྱེས་འཛོམས་དུས་སྟོན་ཆེན་མོའི་བྱ་འགུལ་སྤེལ།
ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། གླུ་ལེན་གར་རྩེ་དང་རྟ་རྒྱུག་མདའ་འཕེན་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་ཏེ། ས་གནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དེ་མིན་ས་གནས་རང་གི་ཐོན་ཁུངས་ལ་བརྟེན་པའི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་དང་ཕྱིར་འཚོང་བྱས་པ་བརྒྱུད་ནས། རྩེ་ཁོག་ཐོན་རྫས་ཀྱི་ཟོང་རྟགས་བསྐྲུན་ཏེ་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་རྒྱ་བསྐྱེད་རྒྱུ་དེ་རེད།



ཐེངས་འདིའི་རིག་གནས་ཡུལ་སྐོར་བྱ་འགུལ་ཁྲོད། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་འགྲེམ་སྟོན་བྱས་ཡོད་ཅིང་། དེ་དག་ལས་བོད་ཞུན་ལྟ་བུར་མཚོན་ན་ཕྱིའི་བཟོ་རྩལ་ལ་ཡིད་དབང་འགུག་པའི་སྒྱུ་རྩལ་གྱི་རིན་ཐང་གིས་ཕྱུག་པར་མ་ཟད། ནང་དོན་གྱི་ཆ་ནས་རྩེ་ཁོག་རྫོང་གི་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བདེ་སྐྱིད། སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་ད་ལྟའི་གནས་སྟངས་ངོ་མ་སོགས་མཚོན་པར་བྱས་ཏེ། རྒྱ་མ6550ཡི་ལྗིད་ཚད་ཀྱིས་འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ཞུན་གྱི་ཟིན་ཐོ་ཞིག་གསར་དུ་བསྐྲུན་པ་རེད། རྩེ་ཁོག་རྫོང་གིས་ས་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། སྲོལ་རྒྱུན་རིག་གནས་དང་དེང་རབས་ལག་རྩལ་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་འགྲེམ་སྟོན། ཕྱིར་འཚོང་བཅས་བྱས་པ་དེས་ས་གནས་རང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་ཐོན་བཞིན་འདུག
ས་གནས་ཀྱི་ཁྱད་ལྡན་ཐོན་རྫས།