2024ལོའི་ཀྲུང་གོའི་སློབ་ཆེན་སློབ་མའི་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་མགོ་བརྩམས།
发布时间:2024年08月07日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས3ཉིན། 2024ལོའི་ཀྲུང་གོའི་སློབ་ཆེན་སློབ་མའི་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་དང་ཀྲུང་གོའི་རྩིས་འཕྲུལ་འགྲན་རྩོད་གཟེངས་རྟགས་འགྲན་སྡུར་སྐབས་བཅོ་བརྒྱད་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་མགོ་བརྩམས།འགྲན་སྡུར་འདི་ནི་ཀྲུང་གོའི་མིས་བཟོས་རིག་ནུས་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་ཁྲུང་ཆིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གཉིས་ཀྱིས་འགན་སྒྲུབ། ཀྲུང་གོའི་མིས་བཟོས་རིག་ནུས་སློབ་ཚོགས་ཀྱི་འཕྲུལ་ཆས་འགྲན་རྩོད་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རོགས་སྒྲུབ་བཅས་བྱས་པ་ཡིན་ལ། འགྲན་སྡུར་གྱི་བརྗོད་དོན་གཙོ་བོ་ནི་སློབ་ཆེན་སློབ་མའི་སློབ་སྦྱོང་དང་ཞིབ་འཇུག་གི་སྤྲོ་སེམས་ཡར་སྐྱེད་དང་། སློབ་ཆེན་སློབ་མའི་རྩིས་འཕྲུལ་འགྲན་རྩོད་ཀྱི་ཆུ་ཚད་མཐོར་འདེགས། མིས་བཟོས་རིག་ནུས་ཀྱི་དངོས་འཐབ་རྩལ་ནུས་གསོ་སྐྱོང་། བག་ལ་ཉལ་བའི་གསར་གཏོད་ཀྱི་ནུས་པ་སྐུལ་སྤེལ། ཚན་རིག་གི་བྱང་ཚད་དང་ཆེད་ལས་ལག་རྩལ་གྱི་ནུས་པ་མཐོར་འདེགས་བཅས་བཏང་ནས། མིས་བཟོས་རིག་ནུས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཕན་ནུས་ལྡན་པའི་ཆ་རྐྱེན་བསྐྲུན་རྒྱུ་དེ་རེད།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེའེ་ཞིང་།

ཀྲུང་གོའི་མིས་བཟོས་རིག་ནུས་སློབ་ཚོགས་ཀྱི་ལས་འཛིན་མགོ་གཙོ་གཞོན་པ་དང་ཁྲུང་ཆིང་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཝང་ཀུའོ་དབྱིན་གྱིས་དྲ་ལམ་བརྒྱུད་ནས་གཏམ་བཤད་སྤེལ་བ།རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་ཀྲང་ཞའོ་ཁྲོན།མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲའོ་ཧེའེ་ཞིང་གིས་ཚོགས་ཞུགས་མི་སྣ་ཡོངས་ལ་ཕེབས་བསུའི་གཏམ་བཤད་སྤེལ་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་རིག་ནུས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཙན་ཧྥིང་པིའོ་ཡིས་མགོ་རྩོམ་མཛད་སྒོ་ལ་གཙོ་སྐྱོང་བྱས། ཀྲུང་གོའི་མིས་བཟོས་རིག་ནུས་སློབ་ཚོགས་ཀྱི་ལས་འཛིན་མགོ་གཙོ་གཞོན་པ་དང་ཁྲུང་ཆིང་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཝང་ཀུའོ་དབྱིན་གྱིས་དྲ་ལམ་བརྒྱུད་ནས་གཏམ་བཤད་སྤེལ་བར་མ་ཟད། ཐེངས་འདིའི་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་བདེ་བླག་ངང་སྤེལ་མགོ་ཚུགས་པ་ལ་རྟེན་འབྲེལ་ཞུས། གཞན་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་ཀྲང་ཞའོ་ཁྲོན་དང་། འགྲན་སྡུར་འདིར་རྒྱབ་སྐྱོར་གནང་མཁན་ཞུའེ་ཏ་སློབ་གསོ་ཚན་རྩལ་ལྷན་ཚོགས་ཀྱི་འཐུས་ཚབ་པ་དབྱང་ཆང་གཉིས་མཛད་སྒོར་ཞུགས་ཤིང་གཏམ་བཤད། འགྲན་སྡུར་གྱི་ཤན་འབྱེད་པའི་འཐུས་ཚབ་པ་ཆིའུ་ཧོང་ཁུན་དང་འགྲན་ཞུགས་སློབ་མའི་འཐུས་ཚབ་པ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བདེ་སྐྱིད་འཚོ་གཉིས་ཀྱིས་གཟབ་ནན་ངང་དམ་བཅའ་བསྒྲགས།ཙན་ཧྥིང་པིའོ།(གཡོན)མཚོ་སྔོན་མི་རིགས་སློབ་ཆེན་རིག་ནུས་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི།དབྱང་ཆང་།(གཡས)ཞུའེ་ཏ་སློབ་གསོ་ཚན་རྩལ་ལྷན་ཚོགས་ཀྱི་འཐུས་ཚབ་པ།ཆིའུ་ཧོང་ཁུན(གཡོན)འགྲན་སྡུར་གྱི་ཤན་འབྱེད་པའི་འཐུས་ཚབ་པ།བདེ་སྐྱིད་འཚོ།(གཡས)འགྲན་ཞུགས་སློབ་མའི་འཐུས་ཚབ་པ།
མགོ་རྩོམ་མཛད་སྒོ་མཇུག་རྫོགས་རྗེས། བོད་འགྲིག་དང་རྒྱ་འགྲིག རྒྱལ་སྤྱིའི་འགྲིག་སོགས་མི་དང་རྩིས་འཕྲུལ་གྱི་སྲོལ་རྒྱུན་འགྲིག་རིགས་འགྲན་སྡུར་དང་ཐན་ཁེ་འགྲན་སྡུར་སོགས་རིག་ནུས་ཐབས་ཇུས་འགྲན་སྡུར་གྱི་རྣམ་གྲངས་སོ་སོ་ཛ་དྲག་ངང་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ལ་དྲ་ངོས་དང་ཡུལ་དངོས་ཀྱི་རྣམ་པ་གཉིས་ཡོད་ཅིང་། འགྲན་སྡུར་ལ་ཞུགས་མཁན་གྱི་སློབ་ཆེན100ལྷག་དང་འགྲན་ཞུགས་རུ་ཁག2000ལྷག་བྱུང་ནས། འགྲན་སྡུར་འདིའི་ཟིན་ཐོ་གསར་བ་བཏོད་ཡོད། ཐེངས་འདིའི་འགྲན་སྡུར་བརྒྱུད་ནས་རང་རྒྱལ་གྱི་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྩོལ་ཐུབ་པར་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མའི་རྩིས་འཕྲུལ་འགྲན་རྩོད་འགྲན་སྡུར་ཐད་ཀྱི་དགའ་ཕྱོགས་སྐྱེད་སྲིང་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཀྱང་བསྐྲུན་ཐུབ་ངེས་རེད།
འགྲན་སྡུར་ཡུལ་དངོས་ཀྱི་ཟུར་འགའ།