འབར་ཁམས་ནི་མི་རིགས་ཁྱད་ཆོས་ལྡན་པའི་དེང་རབས་གྲོང་ཁྱེར་ཞིག་ཡིན།
发布时间:2024年09月25日 消息来源:

图片

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། གནས་མཆོག་རྔ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

བསིལ་རླུང་དལ་བུར་རྒྱུ་བའི་སྟོན་ཟླ་མགོ་མར། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁྲོམ་སྲང་དུ་འཆམ་འཆམ་ལ་སོང་ན། གཙང་ཞིང་གྲལ་འགྲིག་པའི་ཁྲོམ་སྲང་དང་། ཐུན་མིན་གྱི་འཛུགས་སྐྲུན། ལྷོད་ཡངས་བག་ཕེབས་ངང་འཚོ་བའི་གྲོང་མི་བཅས་མིག་གི་མཐོང་ལམ་དུ་མངོན་པས་མི་སེམས་ལ་ཡིད་སྨོན་སྐྱེ་བ་ཞིག་རེད།

ཕྱོགས་བཞིར་བལྟས་ཚེ། བརྗིད་ཆགས་ཀྱི་རི་འདབས་སུ་ཆགས་པའི་བོད་ལུགས་ཀྱི་བཟོ་སྐྲུན་རེ་རེ་སྔར་ལས་ཡིད་དུ་འོང་བ་ཞིག་རེད། མིག་ཟུང་བཙུམས་ནས་ཞིབ་ཏུ་ཉན་སྐབས། ལྷུང་ལྷུང་འབབ་པའི་སོ་མང་ཆུ་བོའི་བཞུར་རྒྱུན་གྱིས་གྲོང་ཁྱེར་འདིའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གི་ལོ་རྒྱུས་གླེང་གིན་ཡོད་པ་དང་ཀུན་ནས་མཚུངས།

དེ་སྔའི་འབར་ཁམས་གྲོང་ཁྱེར་གྱི་སྒྲིག་བཀོད་དེ་འདྲའི་ཚན་རིག་དང་མཐུན་པ་ཞིག་མིན་པ་དང་། རྨང་གཞིའི་སྒྲིག་བཀོད་རྙིང་དྲགས་པ། དོན་དངོས་ཀྱི་དགོས་མཁོ་སྐོང་བའི་སྒྲིག་བཀོད་ཆ་ཚང་བ་དཀོན་པ་སོགས་ཀྱི་གནད་དོན་དག་ཐག་གཅོད་བྱེད་པ་ནི་འབར་ཁམས་ཀྱི་གྲོང་མིས་རེ་སྒུག་ཆེན་པོ་བྱེད་ས་ཞིག་ཡིན།

图片

གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་འཚོ་བའི་རེ་སྙེག་གསར་བ་བསྐོང་ཆེད། འབར་ཁམས་གྲོང་ཁྱེར་གྱིས་རྔ་བ་ཁུལ་བཙུགས་ནས་ལོ་ངོ70ལོན་པའི་རྟེན་འབྲེལ་མཛད་སྒོའི་གཙོ་གཉེར་བྱ་ཡུལ་ཡིན་པའི་གོ་སྐབས་དམ་འཛིན་བྱས་ཏེ། 2021ལོ་ནས་བཟུང་འབྲེལ་ཡོད་རྣམ་གྲངས་ཀྱི་བཟོ་འགོད་མགོ་བརྩམས་པ་དང2022ལོ་ནས་གྲོང་ཁྱེར་བསྒྱུར་བཀོད་བྱ་བ་རིམ་བཞིན་སྤེལ་འགོ་ཚུགས།

འབར་ཁམས་ཀྱི་རྒྱལ་རོང་ཁྲོམ་ལམ་ཞེས་པ་ནི་ཐེངས་འདིའི་བསྒྱུར་བཀོད་བྱ་བའི་ཁྲོད་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཡིན། རྒྱལ་རོང་ཁྲོམ་ལམ་ནི་འབར་ཁམས་གྲོང་རྡལ་ཚེ་དཔལ་གྲོང་ཚོའི་ཚོ་ཆུང་བཞི་པར་གནས་པ་དང་། རྔ་བ་ཁུལ་མི་དམངས་སྨན་ཁང་དང་། རྔ་བ་ཁུལ་དངོས་མང་བཤམས་སྟོན་ཁང་། འབར་ཁམས་སློབ་འབྲིང་བཅས་དང་བར་ཐག་ཉེ་བས་དཔེ་མཚོན་ཅན་གྱི“གྲོང་ཁྱེར་ནང་གི་གྲོང་ཚོའི”ཁོངས་སུ་གཏོགས།འབར་ཁམས་གྲོང་ཁྱེར་གྱིས་ཁུལ་སྟོན་འཛུགས་སྐྲུན་གོ་སྐབས་སུ་བྱས་ནས“རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་གྲོང་ཁྱེར་གྲགས་ཅན”གྱི་འཆར་འགོད་ལ་བརྟེན་ནས་བོད་ལུགས་གྲོང་ཚོའི་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་གྱི་ཁྱད་ཆོས་དང་རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས་སྲུང་སྐྱོང་དང་སྔོག་འདོན་བྱ་རྒྱུར་དམིགས་ནས་རྒྱལ་རོང་དམངས་སྲོལ་རིག་གནས་ལྟ་སྐོར་ཁུལ་དང་། “ཁྱད་ལྡན་ཞིང་ལས་ཡུལ་སྐོར”གྱི་འགྲེམས་སྟོན་ཁུལ།  “རྒྱལ་རོང”ཁམས་གསོ་མྱོང་ཚོར་ཁུལ་བཅས་སོ་སོར་བཏོད་པས། “གྲོང་ཁྱེར་ནང་གི་གྲོང་ཚོ”དེ་“གྲོང་ཁྱེར་ནང་གི་མཛེས་ལྗོངས”སུ་མཐོ་འདེགས་སུ་བཏང་ནས། ཟས་མཆོག་ཁྲོམ་སྲང་དང་རིག་གནས་ཁྲོམ་སྲང་བཏོད་ཡོད།

图片

ད་ལྟའི་རྒྱལ་རོང་ཁྲོམ་ལམ་ལ་མངོན་གསལ་དོད་པའི་འཇིམ་བརྐོས་དང་། ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན། མཐོ་དམའ་སྡེབ་སྒྲིག་ལེགས་པའི་ཁང་པ། གཙང་ཞིང་གྲལ་འགྲིག་པའི་རྐང་ལམ། གཅིག་གྱུར་འཆར་འགོད་ཀྱི་ཕྱིའི་རྣམ་པ། རང་རང་གི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་བཅས་ཕན་ཚུན་འདེགས་སྐྱོར་གྱི་ཚུལ་དུ་ཆགས་པས་ས་གནས་ཀྱི་གྲོང་མིའི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

འོ། འདི་ཡག་པ་ལ། ལོ་འགར་མ་མཐོང་བས། འབར་ཁམས་ལ་འགྱུར་ལྡོག་འདི་འདྲ་ཆེན་པོ་འདུག་ཅེས་པ་ནི་རྔ་བ་ཁུལ་ཞབས་བྲོ་ཚོགས་པའི་ལས་འཁྱུར་ངལ་གསོ་བ་ཀྲང་ཁྲུང་ལིས་རྒྱལ་རོང་ཁྲོམ་ལམ་དུ་བསྐྱོད་སྐབས་སེམས་གཏིང་ནས་རྡོལ་བའི་སྐད་ཆ་རེད། ཀྲང་ཁྲུང་ལིས་ཀྱིས་འདི་ནི་མོ་ལས་འཁྱུར་ངལ་གསོ་བྱས་རྗེས་འབར་ཁམས་དུ་ཕྱིར་ལོག་ཐེངས་དང་པོ་ཡིན་པ་དང་ད་ལྟ་འབར་ཁམས་ཀྱི་ཁང་པའི་ཕྱིའི་རྣམ་པ་གསར་རྐྱང་དང་། ཁྲོམ་སྲང་གཙང་ཞིང་གྲལ་འགྲིག་པ། གཞུང་ལམ་ཡངས་ཤིང་ཤར་གཏོང་ཐུབ་པ་བཅས་ཡིན་པ་མ་ཟད། རྒྱལ་རོང་རིག་གནས་ཀྱང་གྲོང་ཁྱེར་གྱི་གྲུ་ག་གང་སར་འདྲེས་ནས་མོའི་མིག་ལམ་དུ་ཤིན་ཏུ་མཛེས་པའི་ཚོར་སྣང་ཞིག་སྦྱིན།
རྒྱལ་རོང་ཁྲོམ་ལམ་དང་སོ་མང་ཆུ་བོས་བར་ཐག་བཅད་པའི་རྒྱལ་རོང་ནང་མ་ཞེས་པའི་ཁྱད་ལྡན་ཁྲོམ་སྲང་དེ་ཡང་འབར་ཁམས་གྲོང་ཁྱེར་གྱི་ཁུལ་སྟོན་རྣམ་གྲངས་ཀྱི་བཟོ་བཀོད་ལས་གཙོ་བོའི་གྲས་ཤིག་ཡིན་པ་དང་ཁྲོམ་སྲང་དེར་འབར་ཁམས་གྲོང་ཁྱེར་གྱི་ལྟེ་བའི་ཁྲུང་ལེ་སྲང་ལམ་དང་ཅིན་ཀྲུའུ་སྲང་ལམ། རུང་ལེ་སྲང་ལམ་བཅས་ཀྱི་སྲང་ལམ་གསུམ་ཚུད།

图片

བསྒྱུར་བཀོད་ཀྱི་སྐབས་སུ་ས་གནས་མི་རིགས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་ཁྱད་ཆོས་སླར་གསོ་བྱ་ཆེད། ཆེད་དུ་ཤིང་རིས་དང་། དཀར་ཆས་མཉེན་མོ། རྡོའི་རྩིག་པ་བཅས་ཀྱི་བཟོ་རྩལ་སྤྱད་པའི་དུས་མཚུངས་སུ་ད་དུང་བྱ་ཁྱུང་ཆེན་གྱི་ངག་རྒྱུན་དང་། ཤར་ནས་བཞུར་བའི་ཆུ་བོ། འཚེམ་དྲུབ་བྱེད་པའི་བུད་མེད་སོགས་ཚུད་པའི་རྒྱལ་རོང་གི་མཛེས་ལྗོངས་བརྒྱད་ཀྱི་རྒྱལ་རོང་རིག་གནས་དང་དེང་རབས་བོད་ལུགས་རིག་གནས་མཉམ་འདྲེས་གང་ལེགས་བྱས་ཏེ། ཟས་མཆོག་དང་མགྲོན་ཁང་། ཡུལ་སྐོར། ཉོ་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི་མགྲོན་བསུ་ཁང་ཞིག་ཆགས་ཡོད།

འབར་ཁམས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་བཤད་རྒྱུར། འབར་ཁམས་གྲོང་ཁྱེར་གྱི་བསྒྱུར་བཀོད་བྱ་བའི་ཐོག་མཐའ་བར་གསུམ་དུ་སྤྱོད་གོ་ཆོད་པ་དང་། གྲོན་ཆུང་། ལྗང་མདོག མཛེས་པ་བཅས་ཀྱི་རྩ་དོན་རྒྱུུན་འཁྱོངས་དང་། སོར་འཇོག་དང་སྒྱུར་བཅོས་མཉམ་དུ་ལག་བསྟར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ང་ཚོའི་ས་གནས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་རྣམ་པ་བཅས་མངོན་པར་བྱས་པར་མ་ཟད་འཛུགས་སྐྲུན་བེད་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་།

图片

འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། འབར་ཁམས་གྲོང་ཁྱེར་གྱི་བསྒྱུར་བཀོད་བྱ་བར་ད་དུང་རྔ་བ་ཁུལ་དཔེ་མཛོད་ཁང་དང་། བོད་ཡིག་དཔེ་མཛོད་ཁང་། རིག་གནས་ཁང་། གཞོན་ནུ་ལོ་ཆུང་སློབ་གསོའི་བྱེད་སྒོའི་ལྟེ་གནས། གཞོན་ནུ་ལོ་ཆུང་ལུས་རྩལ་བྱེད་སྒོའི་ལྟེ་གནས་བཅས་ཚུད་པའི“ཁང་གསུམ་དང་ལྟེ་གནས་གཉིས”གསར་སྐྲུན་བྱས་ལ། གྲོང་ཁྱེར་གྱི་ལམ་དྲྭའི་མ་ལག་ཇེ་བཟང་དང་། གྲོང་ཁྱེར་གྱི་རླངས་འཁོར་འཇོག་སའི་ཞན་ཆ་གསབ་པ། སྤྱི་པའི་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་བཏང་བ་བཅས་བརྒྱུད་གྲོང་ཁྱེར་གྱི་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱས།

རྗེས་མར། འབར་ཁམས་གྲོང་ཁྱེར་གྱིས་སྐྱེ་ཁམས་གྲོང་ཁྱེར་དང་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་ཁྱད་ཆོས་རྒྱུན་ཆད་མེད་པར་དར་སྤེལ་དང་། གྲོང་ཁྱེར་གྱི་སྤྱི་པའི་བར་སྟོང་དང་ཕྱི་རོལ་གྱི་སྤྲོ་གསེང་བྱེད་སྒོའི་བར་སྟོང་གི་བཀོད་སྒྲིག་དང་གཞི་ཁྱོན་ཇེ་ལེགས་སུ་གཏོང་རྒྱུ། སྤྱི་པའི་བར་སྟོང་དང་འགྲིམ་འགྲུལ་སྒྲིག་བཀོད་སྣ་ཚོགས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། འབར་ཁམས་མཐོ་སྒང་གི་རི་ཁུལ་གྱི་སྐྱེད་ཚལ་གྲོང་ཁྱེར་དང་སྐྱེ་ཁམས་ཡུལ་སྐོར་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་བསྐྲུན་རྒྱུའོ། །