འབྲི་ཆུ་དང་འབྲི་ཆུའི་མགོ་ཁུངས།
发布时间:2024年09月29日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ9པའི་ཚེས20ཉིན། ཨ་ལགས་ཤSEEགཙང་གསུམ་འབྱུང་ཡུལ་ལས་གཞི་ལྟེ་གནས་སུ། མཚོ་སྔོན་ཞིང་ཆེན་པའོ་ཡོན་སྐྱེ་ཁམས་སྲུང་སྐྱོབ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོ་མཐུན་ཚོགས་ཀྱིས་སྤེལ་བའི“འབྲི་ཆུ་དང་འབྲི་ཆུའི་མགོ་ཁུངས”ཞེས་པའི་རང་བྱུང་སློབ་གསོའི་བྱ་འགུལ་གྱི་ས་ཚུགས་ཐོག་མ་ཧྲང་ཧའེ་ནས་མཛད་སྒོ་ཕྱེ་སྟེ། ལེ་དབར་སྟོང་ཕྲག་བརྒལ་བའི་ཁོར་སྲུང་སྤྱི་ཕན་འགྲུལ་བཞུད་དངོས་སུ་མགོ་བརྩམས།

图片

ཁོར་སྲུང་ཐོན་རྫས་ལ་བརྟེན་ནས་རྒྱུན་མཐུད་ནུས་པའི་འཚོ་བའི་འདུ་ཤེས་བརྒྱུད་སྒྲོག་བྱེད་པ།

图片

འབྲི་ཆུའི་བཞུར་རྒྱུད་ཀྱི་སྐྱེ་དངོས་སྣ་མང་གི་མཛེས་པ་འགྲེམ་སྟོན་བྱས་ཏེ། མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་ལ་དོ་སྣང་དང་མཐོང་ཆེན་བྱེད་པར་འབོད་སྐུལ་གཏོང་བ།

 “འབྲི་ཆུ་དང་འབྲི་ཆུའི་མགོ་ཁུངས”ཞེས་པའི་རང་བྱུང་སློབ་གསོའི་བྱ་འགུལ་ནི་མཚོ་སྔོན་རང་བྱུང་སློབ་གསོ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་འབྲི་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་ཁུལ་སོ་སོར་ཟུར་མི་འདྲ་བ་དང་གཏིང་ཟབ་པའི་སྒོ་ནས་བསྟན་ཏེ། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་རབ་མཛེས་མཚོ་སྔོན་གྱི་ངོ་མཚར་དང་མཛེས་སྡུག་མངོན་པར་མ་ཟད། མགོ་ཁུངས་ས་ཁུལ་གྱི་སྐྱེ་དངོས་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་གོ་བ་ཟབ་མོ་བསྐྱེད་དུ་བཅུག

图片

རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་སྤྱི་ཕན་དྲིལ་སྒྲོག་བྱ་འགུལ།

 ཐེངས་འདིའི་བྱ་འགུལ་ནི“རང་བྱུང་སློབ་གསོ”སྲོག་ཤིང་དུ་བྱས་ཤིང་། རླངས་འཁོར་ལ་བརྟེན་པའི་རང་བྱུང་སློབ་ཐུན་གྱི་རྣམ་པ་སྤྱད་དེ། འབྲི་ཆུ་རྒྱ་མཚོར་འབབ་ས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོ་ཧྲང་ཧའེ་ནས་ལམ་ལ་ཆས་པ་དང་། ནུབ་ཕྱོགས་སུ་བསྐྱོད་དེ་ཧོ་ཧྥེ་དང་ཝུའུ་ཧན། ཁྲུང་ཆིན་བརྒྱུད་ནས་འབྲི་ཆུའི་མགོ་ཁུངས་ཀྱི་མཚོ་སྔོན་ཞིང་ཆེན་དུ་སླེབས། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་ནས་མཇུག་བསྡུས་པས། འབྲི་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་སྐོར་སྐྱོད་རིང་མོ་དེ་ཡོངས་སུ་འགྲུབ། ཐེངས་འདིའི་སྐོར་སྐྱོད་ཀྱི་གྲུབ་འབྲས་དེ་ཟླ10པར་ཟི་ལིང་ནས་ཆེད་དུ་འགྲེམ་སྟོན་བྱ་རྒྱུ་རེད།