མདང་ནུབ་ཟི་ལིང་གི་མཁའ་དབྱིངས་སུ་སྐར་མ་འདི་དངོས་སུ་ཤར་བྱུང་།
发布时间:2024年10月14日 消息来源:

  རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ10པའི་ཚེས13ཉིན་གྱི་དགོང་མོར། ཙི་ཅིན་ཧྲན-ཨ་ཐེ་ལ་སི་སྐར་མ་དུ་བ་མཇུག་རིང(དབྱིན་ཡིག་གི་མིངTsuchinshan-ATLAS ཨང་རྟགསC/2023A3ཟི་ལིང་གི་མཚན་མོའི་མཁའ་དབྱིངས་སུ་དལ་གྱིས་ཤར་བ་དེས་མི་རྣམས་ལ་འཇིག་རྟེན་གྱི་ངོ་མཚར་དང་མཛེས་སྡུག་ཚོར་དུ་བཅུག

图片


图片

ཙི་ཅིན་ཧྲན-ཨ་ཐེ་ལ་སི་སྐར་མ་དུ་བ་མཇུག་རིང (C/2023A3Tsuchinshan-ATLAS)ནི2023ལོའི་ཟླ1པོའི་ཚེས9ཉིན། ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་སྟེགས་བུའི་ཐག་ཉེ་སའི་སྐར་མའི་གོ་ལའི་རྒྱང་ཤེལ་གྱིས་ཐོག་མར་ལྟ་དཔྱད་ཚད་འཇལ་ཐུབ་པ་དང་འདི་ཡང་ཙི་ཅིན་ཧྲན་གནམ་དཔྱད་སྟེགས་བུས་སྐར་མ་དུ་བ་མཇུག་རིང་རྙེད་ཐེངས་བརྒྱད་པ་དེ་ཡིན། དེའི་ཨང་རྟགས་ཁྲོད་དུ"འཚོལ་རྙེད་གསང་གྲངས"མཚོན་ཡོད་དེCཞེས་པའི་དུས་ཡིན་རིང་པོའི་སྐར་མ་དུ་བ་མཇུག་རིང་མཚོན་ཞིང་། 2023ནི་དེ་རྙེད་པའི་ལོ་ཡིན་པ་དང་། Aཡིས་ཟླ1པོའི་ཟླ་སྟོད་མཚོན་པ། 3ནི་ཟླ་ཕྱེད་དེའི་ནང་གསར་དུ་རྙེད་པའི་སྐར་མ་དུ་བ་མཇུག་རིང་ཐེངས3ཡིན་པའི་ཆ་ནས་བཏགས་པ་རེད།


图片


图片


图片


图片


图片