པར་རིས་གསར་འགྱུར།
发布时间:2024年10月29日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   རོང་པོ་ཐང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་དུ་ཆགས་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི4200ཡོད། ཐུན་མིན་གྱི་ས་བབ་གོ་གནས་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག ཀྲུང་གོའི་འདབ་ཆགས་དཀོན་པོ་ཁྲུང་ཁྲུང་སྐེ་ནག་གི་བསྟི་གནས་བཅས་ལ་བརྟེན་ནས་སྙན་གྲགས་རྒྱས་ཤིང་། རང་རྒྱལ་གྱི་འདབ་ཆགས་ཆེད་མཁས་པས“ཁྲུང་ཁྲུང་སྐེ་ནག་གི་ཕ་ས”ཞེས་བསྙད། དེ་ནི་མཚོ་བོད་མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་ཡིན། ཉེ་སྔོན། གསར་འགོད་པས་རྒྱལ་སྤྱིའི་བརླན་ས་གལ་ཆེན་རོང་པོ་ཐང་བར་སྣང་ནས་པར་དུ་བླངས། ཁོད་ཡངས་པའི་རོང་པོ་ཐང་ལ་སྟོན་མདོག་ཚེས་ཤིང་ལྟ་ན་སྡུག ཤེས་གསལ་ལྟར་ན། རོང་པོ་ཐང་བརླན་སའི་བྱ་རིགས་ཀྱི་ཁྱུ་ཚོགས་ནི་སྲུང་སྐྱོབ་ཁུལ་མ་བཙུགས་སྔོན་གྱི་སྡེ12དང་ཚན20རིགས30ནས་སྡེ17དང་ཚན39རིགས135ལ་འཕར་ཡོད། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི22ནས216ལ་འཕར་ཡོད། ཁྲུང་ཁྲུང་མགོ་ཁྲ་ཡང་སྔོན་ཆད་ཀྱི་བརྒྱ་ཕྲག་དུ་མ་ནས་ཁྲི་གཅིག་ལྷག་ཏུ་འཕར་ཡོད།

图片