པར་རིས་གསར་འགྱུར།
发布时间:2024年11月01日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ10པའི་ཚེས22ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཨུའི་དྲིལ་སྒྲོག་པུའུ་ཡིས་རྩ་འཛུགས་བྱས་པའི“མཐོ་སྒང་གི་ཉི་འོད་དྲོན་པོ། རྒྱ་ཁོག་གི་བྲོ་བ་ཞིམ་པོ”ཞེས་པའི་བྱ་འགུལ་སྒོ་མེ་ལ་ལྗོངས་སྟེགས་སུ་སྤེལ། ཡུལ་མི་རྣམས་དང་མགྲོན་པོ་མང་པོས་ཉི་རྩེ་ལ་ལྟ་བ་དང་སྐོར་བྲོ་འཁྲབ་པ། ཧོང་ཀྲུང་གི་རྒྱ་ཁོག་ལ་རོལ་བ་བཅས་ཀྱིས་ཐུན་མོང་མ་ཡིན་པའི་ཞོགས་པ་ཞིག་མཉམ་དུ་སྐྱེལ། 

སྒོ་མེ་ལ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འབྲེལ་མཚམས་ཡིན་ཞིང་། མཚོ་འཕགས་ལ་སྨི3500ཡན་ཡོད། དེ་ནི་ཟི་ལིང་ཡུལ་སྐོར་ར་བའི་རི་མཐོ་ཤོས་དང་མཛེས་ལྗོངས་ཡག་ཤོས་དེ་ཡིན། ད་ལྟ། སྒོ་མེ་ལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཉི་རྩེ་ལ་བལྟ་སའི་གནས་མཆོག་ཤོས་སུ་གྱུར་ཡོད།

图片

ཡུལ་མི་རྣམས་ཀྱིས་སྐོར་བྲོ་འཁྲབ་ནས་ཉི་རྩེ་བསུ་བ།

图片

ཧོང་ཀྲུང་གི་རྒྱ་ཁོག་ཞིམ་པོ།