དགུན་དུས་ལུག་ཤ་ཟ་དུས་ཀྱི་འཛེམ་བྱ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གྲང་ངར་ཆེ་བའི་དགུན་དུས་སླེབས་པ་དང་བསྟུན། མི་མང་པོ་ཞིག་གིས་གཟུགས་པོར་དྲོད་འཕེལ་བའི་ཆེད་དུ་ལུག་ཤ་བཟའ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་ན། གཤམ་ལ་དགུན་ཁའི་དུས་ཚིགས་འདི་དང་བསྟུན་ནས་ལུག་ཤ་བཟའ་སྟངས་སྐོར་གྱི་འབྲེལ་ཡོད་བདེ་ཐང་ཤེས་བྱ་ཁག་ཅིག་མཉམ་སྤྱོད་ཞུ།
དེ་ཡང་ལུག་ཤར་དྲོད་སྐྱེད་ཀྱི་ནུས་པ་ལྡན་པས་གཟུགས་གཞི་སྐྱོ་ལ་ལུས་སྟོབས་ཞན་པའི་མིས་སྟོན་དགུན་གཉིས་ཀྱི་དུས་ཚིགས་ལ་ཟོས་ན་ཕན་པ་ཡོད། འོན་ཀྱང་གཟུགས་དྲོད་ཆེ་བའི་མིས་ལུག་ཤ་ཟོས་ན་ཚ་བ་རྒྱས་སྲིད་ལ། གདོང་ལ་ཡ་ཐོར་སྐྱེས་པ་དང་། མིད་པ་སྐྲངས་ཤིང་ན་ཟུག་ལངས་པ། སྣ་ཁྲག་དོན་པ་བཅས་ཡོང་གི་ཡོད། དེས་ན་ལུག་ཤ་དང་ཚ་དྲོད་འཕེལ་བའི་བཟའ་ཆ་མཉམ་དུ་མཆོད་མི་ཉན་པར། བསིལ་བའི་རང་བཞིན་ནམ་མངར་བཅུད་སྙོམས་པའི་སྔོ་ཚལ་རིགས་མཉམ་དུ་སྡེབ་ན་བཟང་། དཔེར་ན། ལུག་ཤ་ཟ་སྐབས་སྲན་ཞོ་ལྟ་བུ་མཉམ་དུ་སྡེབ་ན་གཟུགས་པོར་ཕན་པ་མ་ཟད། ཚ་བ་སེལ་ཞིང་སྐོམ་གདུང་སེལ་བའི་ནུས་པ་ཐོན་ཐུབ། སྤྱིར་ན་ལུག་ཤ་ནི་ཕོ་བས་འཇུ་སླ་བ་ཞིག་ཡིན་མོད། འོན་ཀྱང་ཟོས་དྲགས་ན་ཕོ་བ་སྐྲངས་ནས་གཟུགས་པོའི་བདེ་ཐང་ལ་གནོད་སྲིད་པས་ཟ་ཚོད་རན་པོ་བྱེད་དགོས།
ལུག་ཤ་ཟ་དུས་ཀྱི་འཛེམ་བྱ་ཁག་ཅིག
-
ལུག་ཤ་དང་སྐྱུར་ཁུ་མཉམ་དུ་བཟའ་མི་རུང་།
-
ལུག་ཤ་དང་མཉམ་དུ་ཇ་འཐུང་མི་རུང་།
-
ལུག་ཤ་དང་ནན་ཀྭ། པན་ལི་སོགས་མཉམ་དུ་བཟའ་མི་རུང་།
-
ལུག་ཤ་དང་ཆུ་ཀུབ་མཉམ་དུ་བཟའ་མི་རུང་།