མཚོ་མོ་སྟོང་གི་འགྲམ་ངོགས་ནི་རི་སྐྱེས་སྲོག་ཆགས་ཀྱི་མཛེས་པའི་ཁྱིམ་གཞིས་ཡིན།

  —— གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དུ་བསྐྱོད་པ།
发布时间:2024年12月17日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་མ་ཡུམ་ཆུ་བོ་ཡིན་ཞིང་། དེ་ནི་ཡོས་སླང་ཆུ་ཡི་ཆུ་མིག་ཅིག་ལས་བྱུང་བ་རེད། ཆུ་མིག་ལྷུང་ལྷུང་འབབ་ཅིང་ཆུ་ཕྲན་གཅིག་ཏུ་འདུས་ནས། ཐོག་མར་མཚོ་སྐྱ་རིང་དུ་བཞུར་བ་དང་། དེ་ནས་མཚོ་སྔོ་རིང་དུ་བཞུར་བ་དང་། དེའི་རྗེས་སུ་མཚོ་སྔོ་རིང་ནས་ཕྱི་ལ་ལྷུང་ལྷུང་བཞུར་བཞིན་ཡོད་ཅིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་གླིང་ཁུལ་ནི་འོད་མདངས་རྣམ་པར་བཀྲ་བའི་སྐྱེ་ཁམས་ཀྱི་མུ་ཏིག་ཅིག་དང་འདྲ།

图片
ཟླ11པའི་ཚེས5ཉིན་ནས་བཟུང་། གཙང་གསུམ་འབྱུང་ཡུལ་བཅར་འདྲི་ཚོགས་པ་ཡིད་སྨོན་དང་རེ་སྒུག་གིས་ཁེངས་བཞིན་རྨ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་རྨ་ཆུ་ཞང་དང་སྟོང་རི་མཚོ་ནག མཚོ་སྔོ་རིང་སོགས་གལ་འགངས་ཤིན་ཏུ་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཁུལ་དུ་བསྐྱོད། ངོ་མཚར་ཆེ་བའི་ས་གཞི་འདིར་སླེབས་སྐབས་མཚེའུ་སྟོང་གི་མཛེས་ལྗོངས་རི་མོ་ལྟར་བཀྲ་ཞིང་མི་རྣམས་ཀྱི་ཡིད་དབང་འཕྲོག རྩྭ་ཐང་དུ་མཚེའུ་རེ་རེ་ཉི་འོད་ཀྱི་ཀློང་ན་འོད་ཆེམ་ཆེམ་བྱེད། མཚོ་སྔོ་རིང་གི་བར་སྣང་དུ་སྤྲོ་སྐྱིད་ལ་རོལ་བའི་ཆུ་བྱ་ཡིས་སྐབས་འགར་གཤོག་པ་བརྐྱངས་ནས་འཕུར་བ་དང་། སྐབས་འགར་ཆུ་ངོས་སུ་འབབ་ཙམ་བྱེད་པས། ལྷིང་འཇགས་ཀྱི་ཆུ་ཁོངས་འདི་ལ་གསོན་ཤུགས་ཀྱི་མཛེས་ཉམས་བསྩལ་ཡོད། འགྲོ་ལམ་གཡས་གཡོན་གྱི་ཡངས་ཤིང་ཆེ་བའི་ས་གཞིའི་སྟེང་། རྐྱང་དང་དགོ་བས་ཁ་ཟས་འཚོལ་བ་དང་མཆོང་ལྡིང་བྱེད་པ་སོགས་རང་དབང་ངང་འཚོ་བཞིན་ཡོད། དག་གཙང་གི་ས་གཞི་འདི་ནི་ཏག་ཏག་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་སའི་སྤྲོ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད།
图片
图片
རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་མངའ་ཁོངས་སུ། ཆུ་བོ་ནི་རྩ་ལམ་བཞིན་དུ་ཁྱབ་པ་དང་མཚེའུ་ནི་སྐར་ཚོགས་བཞིན་དུ་མང་། གནས་འདིར་མཚོ་སྐྱ་རིང་དང་མཚོ་སྔོ་རིང་། ཝ་གཞོང་མཚོ། སྟོང་རི་མཚོ་ནག་སོགས་མཚེའུ་ཆེ་ཆུང5849ཡོད་ཅིང་། ཆུ་བོའི་བརླན་ས་དང་མཚེའུ་ཡི་བརླན་ས། ན་འདམ་བརླན་ས་བཅས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི40.08ཡོད་པས། ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད། གནས་འདིར་རྐྱང་དང་དགོ་བ། གསའ་སོགས་རི་སྐྱེས་སྲོག་ཆགས་རིགས69ཡོད་ཅིང་། རྐྱང་དང་དགོ་བའི་རིགས་ཁྱུ་ཆེ་གྲས་ཀྱི་བསྟི་གནས་ཤིག་ཡིན།
图片
图片
མཚོ་མོ་སྟོང་གི་འགྲམ་ངོགས་དང་རྩྭ་ཐང་གི་ཟབ་ས་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཡིན་པར་མ་ཟད། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་རིན་པོ་ཆེའང་ཡིན་པས། དེས་ཚེ་སྲོག་གི་ངོ་མཚར་བདེན་དཔང་དང་སྐྱེ་ཁམས་ཀྱི་གཏམ་རྒྱུད་བརྗོད་ཀྱིན་ཡོད། །