བདེ་སྡོད་ལས་བརྩོན་གྱི་ཤར་པའི་མང་ཚོགས།
发布时间:2024年12月23日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
འདྲེན་ཐང་གྲོང་རྡལ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ལྷོ་ནུབ་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་མཚམས་ལྷོ་ངོས་སུ་ཆགས་ཤིང་། ས་བབ་ཆ་སྙོམས་ཀྱི་སྨི2000ཙམ་ཟིན་པ་དང་། ཤར་པའི་མི་རིགས་ནི་དེ་གར་འདུས་སྡོད་བྱེད་ཀྱིན་ཡོད།འདྲེན་ཐང་ནི་བོད་སྐད་དེ“སྐྱེལ་འདྲེན་གྱི་ལམ”ཞེས་པའི་དོན་ཡིན། འདི་གར་རི་བོ་མཐོ་ལ་གྲོག་རོང་ཟབ་པ་དང་། ཆུ་རྒྱུན་དྲག་པས། དེ་སྔོན་འདྲེན་ཐང་གི་ཤར་པའི་མང་ཚོགས་ཀྱིས་རི་ཁྲོད་ཀྱི་ས་རྡོའི་ལམ་དུ་བསྐོར་ནས་སྡོད་པ་དང་དངོས་ཟོག་ཕྲག་པར་འཁུར་ནས་འཚོ་བའི་མཁོ་དངོས་དབོར་འདྲེན་བྱེད་ཀྱིན་ཡོད།2017ལོའི་ལོ་མཇུག་ཏུ་གཙང་དཀར་གྲོང་ཚོ་ནས་འདྲེན་ཐང་གྲོང་རྡལ་བར་གྱི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཏེ། རླངས་འཁོར་འདྲེན་ཐང་གྲོང་རྡལ་དུ་ཐེངས་དང་པོ་བཏང་བ་རེད། 2020ལོར་ཞིང་ཆེན་རིམ་པའི་གཞུང་ལམ514ཡི་སར་ནས་འདྲེན་ཐང་བར་གྱི་ལམ་དུམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་ནས། སྣུམ་ནག་ལམ་དེ་ཀྱག་ཀྱོག་གི་སྒོ་ནས་འདྲེན་ཐང་གྲོང་རྡལ་དུ་ཐད་ཀར་ཤར་གཏོང་ཐུབ་པ་དང་། དེ་བས“སྐམ་ལམ་ཁེར་ཆགས་ཀྱི་གླིང་ཕྲན”གྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།ཉེ་བའི་ལོ་ཤས་རིང་། མཐའ་མཚམས་གྲོང་རྡལ་ཆུང་ངུ་འདྲེན་ཐང་གིས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། མཐའ་མཚམས་ཉོ་ཚོང་དང་། གསོ་ཚགས་ལས་རིགས། ཡུལ་སྐོར་ལས་རིགས། ལས་སྣོན་ལས་རིགས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་དུ་བརྩིས་ཡོད། 2024ལོར་འདྲེན་ཐང་གྲོང་རྡལ་གྱི་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར16578.5ཟིན་པ་དེ་དུས་མཉམ་ལས19%འཕར་ཡོད་པ་རེད།


















རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།