མཚོ་སྔོན་དཔའ་ལུང་ཐ་རྒྱའི་གནའ་བོའི་བོད་ལུགས་ཁང་རྙིང་གི་མཛེས་ཉམས།
发布时间:2024年12月25日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 



图片

2023ལོའི་ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59ཡི་ཐོག་ཅི་ཧྲི་རི་བོར་ས་ཡོམ་རིམ་པ6.2བརྒྱབ་ནས། མཚོ་སྔོན་ཞིང་ཆེན་གྱི་མིན་ཧོ་རྫོང་དང་དཔའ་ལུང་རྫོང་། ཞོན་ཧྭ་རྫོང་བཅས་ཤང་དང་གྲོང་རྡལ42ཀྱི་གྲོང་མི་ཁྲི16.12ལ་གནོད་འཚེ་ཕོག་ཡོད། སྐབས་དེ་དུས་ཡོམ་ལྟེ་དང་བར་ཐག་སྤྱི་ལེ30ཡོད་པའི་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཤང་གི་གྲོང་ཚོ་ཁག་གཅིག་གི་འགྲོ་ལམ་དང་ཁང་པ། རྨང་གཞིའི་སྒྲིག་བཀོད་བཅས་ལ་གཏོར་སྐྱོན་ཕོག་ཡོད། བསྐྱར་སྐྲུན་བྱས་ནས་ལོ་གཅིག་སོང་རྗེས། ཐ་རྒྱ་གྲོང་ཚོ་དང་པོའི་གཏོར་སྐྱོན་ཕོག་པའི་ཞིང་པའི་སྡོད་ཁང84དང་ཐ་རྒྱ་གྲོང་ཚོ་གཉིས་པའི་གཏོར་སྐྱོན་ཕོག་པའི་ཞིང་པའི་སྡོད་ཁང95ཚང་མ་སྡོད་ཁང་ཉམས་བཟོ་དང་བརྟན་གཏོང་། བསྐྱར་སྐྲུན་བཅས་ཀྱི་ལས་དོན་ལེགས་འགྲུབ་བྱས་པ་མ་ཟད། ཞིབ་བཤེར་རྩིས་ལེན་བྱས་ནས་མང་ཚོགས་སྡོད་ཁང་དུ་སྤར་ཡོད།

图片

  “ཤེས་མེད་ཚོར་མེད་ངང་ལོ་གཅིག་འདས་ཟིན་པ་དང་། ཁང་པ་གསར་པ་མཛེས་བཟོ་དང་ཁང་པ་རྙིང་པ་སྲ་བརྟན་དུ་བཏང་བས། ང་ཚོ་གཞི་ནས་དྲོད་སྐྱིད་དང་བདེ་འཇགས་ཀྱི་ཁང་པའི་ནང་སྡོད་ཐུབ་སོང”ཞེས་ཟླ12པའི་ཚེས17ཉིན་གསར་འགོད་པ་ཐ་རྒྱ་གྲོང་ཚོ་གཉིས་པའི་སངས་རྒྱས་ཚེ་བརྟན་གྱི་ཁྱིམ་དུ་བསྐྱོད་དེ། གནོད་ཕྱིའི་བསྐྱར་སྐྲུན་བྱས་པ་ལས་བྱུང་བའི་འགྱུར་ལྡོག་ལ་བཅར་འདྲི་བྱས།

图片

སྒོ་རའི་ནང་གི་ཐོག་བརྩེགས་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གི་ཐོག་སོ་དང་པོར་ནོར་ལུག་གསོ་ཚགས་བྱེད་པ་དང་། གཟན་ཆག་དང་རྡོ་སོལ་ཉར་ཚགས་བྱས་ཡོད། ཐོག་བརྩེགས་གཉིས་པར་ཁྱིམ་མི་འཚོ་སྡོད་བྱས་ཡོད། ཐོག་སོ་གཉིས་པར་སོང་ན། ཤིང་ལེབ་ཀྱི་སྒོ་དང་སྒེའུ་ཁུང་དང་ཁང་བའི་མདའ་གཡབ་སོགས་སུ་རི་མོ་མཛེས་ཤིང་སྡུག་པ་ཞིག་བརྐོས་ཡོད་པ་དང་། བཟོ་རྩལ་ཧ་ཅང་ཞིབ་ཚགས་ཡིན་པ་མཐོང་ཐུབ། ཐོག་སོ་གཉིས་པའི་ཚོམས་ཆེན་ནང་སྒྲོག་ཙེ་དང་རྐུབ་སྟེགས་གཙང་ལ་གྲལ་འགྲིག་པ་དང་། ཐབ་ཀ་དང་སྲོ་ཁྲིར་འབྲེལ་ལ། ཐབ་ཁུང་དུ་རྡོ་སོལ་གྱི་མེ་ཚ་པོ་ཡོད་པ་བཅས་དང་། དཀྱོག་མཚམས་ཀྱི་སྒོ་ཆུང་ཆུང་དེ་ཕྱེས་ཚེ། དངོས་གནས་རི་ཆུ་དང་གནའ་བོའི་གྲོང་ཚོ་གཅིག་ཏུ་སྦྲེལ་བའི་མཛེས་སྡུག་ཡིད་འོང་གི་ཡུལ་ལྗོངས་ཤིག་མཐོང་ཐུབ།

图片

“ལྕམ་ཤིང་གི་སྒོ་དང་སྒེའུ་ཁུང་དང་གདུང་མ་བཅས་ལ་ལོ་བརྒྱ་ལྷག་གི་ཆར་རླུང་བརྒྱུད་ཡོད་ཀྱང་། ད་ལྟ་ས་ཡོམ་གྱི་གནོད་འཚེ་ཕོག་ནས་གསེག་པ་དང་བརྡིབ་སྐྱོན་ཕོག་ཡོད། ལོ་འདིའི་ནང་རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་འོག སྡོད་ཁང་རྙིང་པར་ཆུ་འགོག་པ་ནས་རྡོ་སྐས་གསར་པ་བརྗེ་བ་དང་། གྱང་ལྡེབ་སྲ་བརྟན་དུ་གཏོང་བ་ནས་སྒོ་དང་སྒེའུ་ཁུང་ཉམས་བཟོ་བྱེད་པའི་བར། གྲོང་མི་དང་སྡོད་ཁང་རྙིང་པར་འཚོ་བ་གསར་པ་དང་རྣམ་པ་གསར་པ་ཞིག་མངོན་ཡོད”ཅེས་ཐ་རྒྱ་གྲོང་ཚོ་གཉིས་པའི་ཏང་ཡོན་རྒན་པ་རིན་ཆེན་མཁའ་འགྲོས་མྱོང་ཚོར་ཟབ་མོས་བཤད།

图片

ཐ་རྒྱ་བོད་རིགས་ཤང་གི་ཐ་རྒྱ་གྲོང་ཚོ་དང་པོ་དང་གཉིས་པ་ནི་རྒྱབ་ཏུ་རི་བོར་བརྟེན་ནས་ཆགས་ཡོད་པ་དང་། སྐས་རིམ་ལྟ་བུའི་བོད་བཟོའི་ཁྱད་ཆོས་ལྡན་པའི་གྲོང་མིའི་སྡོད་ཁང་ནི་ལྷིང་ཞིང་འཇགས་ལ་གནའ་ཉམས་དོད་པ་ཞིག་ཡོད། ཤེས་གསལ་ལྟར་ན། ཐ་རྒྱ་གྲོང་ཚོ་དང་པོ་དང་གཉིས་པར་ལོ་བརྒྱའི་སྲོལ་རྒྱུན་སྡོད་ཁང་བསྡོམས་པས13ཡོད། 2017ལོར་གྲོང་ཚོ་དེ་གཉིས་ཀ་སྐོར་གཉིས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཞེས་པའི་མིང་བཏགས་པ་དང་། 2023ལོར་སླར་ཡང་སྐོར་དང་པོའི་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་གྱི་མིང་ཐོའི་ནང་བཅུག

图片

图片

图片

图片

图片


རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།