བོད་ལྗོངས་ཀྱིས་བརླན་ས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
发布时间:2024年12月30日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བརླན་ས་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱས་ཤིང་། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཆབ་སྲིད་ཀྱི་ཚད་མཐོར་ལངས་ནས་བརླན་ས་སྲུང་སྐྱོབ་དང་བྱེད་ནུས་སླར་གསོ། སྐྱེ་ཁམས་ཁ་གསབ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
མིག་སྔའི་བར། ལྗོངས་ཡོངས་སུ་བསྡོམས་པས་བརླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ15དང་རྒྱལ་ཁབ་བརླན་སའི་སྤྱི་གླིང22བཙུགས་ཤིང་། མ་ཕམ་གཡུ་མཚོ་དང་སྨྲི་ཏི་ཁ། སེར་གླིང་མཚོ། རྩ་རི་གནམ་མཚོ་སོགས་བརླན་ས4རྒྱལ་སྤྱིའི་གཙོ་གནད་བརླན་སའི་མིང་གཞུང་དུ་བཅུག་པ་དང་། ལྷ་ཀླུ་དང་ལྷ་ཐོག མཚོ་མོ་ངང་ལག་རིང་པོ་སོགས་བརླན་ས3རྒྱལ་ཁབ་ཀྱི་གཙོ་གནད་བརླན་སའི་མིང་གཞུང་དུ་བཅུག་པ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་བརླན་ས22ཀྱི་མིང་གཞུང་ཁྱབ་བསྒྲགས་བྱས། རང་བྱུང་སྲུང་སྐྱོབ་ཁུལ་གཙོར་འཛིན་པ་དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང་དང་རྒྱལ་སྤྱིའི་གཙོ་གནད་བརླན་ས། རྒྱལ་ཁབ་ཀྱི་གཙོ་གནད་བརླན་ས། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་བརླན་ས་སོགས་སྣ་མང་རང་བཞིན་གྱི་བརླན་ས་སྲུང་སྐྱོབ་མ་ལག་རིམ་བཞིན་ཆགས་ཡོད།

图片

པར་འདི་ནི་ཡར་ཉང་བརླན་སའི་མཛེས་ཉམས་རེད།

图片

པར་འདི་ནི་གྲོང་མིས་ལྷ་ཀླུ་བརླན་སར་ཡུལ་སྐོར་བྱེད་པའི་རྣམ་པ་རེད།

图片

པར་འདི་ནི་སེར་གླིང་མཚོ་མོ་ཡི་མཛེས་ལྗོངས་རེད།

图片

པར་འདི་ནི་མཚོ་མོ་ངང་ལག་རིང་པོའི་མཛེས་ཉམས་རེད།

图片

པར་འདི་ནི་ཨ་རུ་བརླན་སའི་མཛེས་ཉམས་རེད།