མཚོ་བོད་མཐོ་སྒང་དུ་འཛམ་གླིང་རིམ་པའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞི་བསྐྲུན་རྒྱུ་རེད།
发布时间:2025年01月08日 消息来源:

རྪོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཏུན་བྱེ་བ་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞི་བཞི་དང་ཟངས་གཏེར་ཐོན་ཁུངས་ཀྱི་གབ་ཤུགས་སྔོན་དཔག་བྱས་པ་ལྟར་ན་ཏུན་དུང་ཕྱུར1.5ཟིན་པ་དང་། རང་རྒྱལ་གྱི་མཚོ་བོད་མཐོ་སྒང་གི་འཛམ་གླིང་རིམ་པའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞིར་འགྱུར་རྒྱུ་རེད།

ཚེས6ཉིན། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། རེས་ཐེངས་གསར་པའི་གཏེར་ཁ་འཚོལ་བསྡུ་ཚད་བརྒལ་གྱི་འཐབ་ཇུས་བྱ་འགུལ་སྤེལ་བ་ནས་བཟུང་། རང་རྒྱལ་གྱིས་ཟངས་གཏེར་འཚོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཕན་སྣེ་ཁྲིད་དང་ཚན་རྩལ་གསར་གཏོད་བྱས་པ་བརྒྱུད། ཀྲུང་དབྱང་དང་ས་གནས་ཁེ་ལས་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། མཚོ་བོད་མཐོ་སྒང་དང་ཧེ་ལུང་ཅང་སོགས་ས་ཁུལ་དུ་གཏེར་འཚོལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོན་པ་དང་། ཟངས་ཀྱི་ཐོན་ཁུངས་གསར་འཕར་བྱེད་ཚད་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་གསར་སྣོན་བྱས་པའི་ཐོན་ཁུངས་ཀྱི་ལྡབ2ཟིན།

图片

མཚོ་བོད་མཐོ་སྒང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ། བསྡོམས་པས་ཐོན་ཁུངས་ཏུན་ཁྲི2000ལྷག་གསར་འཕར་བྱུང་བ་དང་། སྔོན་དཔག་བྱས་པ་ལྟར་ན་ཐོན་ཁུངས་ཀྱི་གབ་ཤུགས་ཏུན1.5ཟིན་ནས། ཏུན་ཁྲི་སྟོང་རིམ་པའི་ཟངས་གཏེར་ཐོན་ཁུངས་རྟེན་གཞི་ཆགས་པ་དང་། མཚོ་བོད་མཐོ་སྒང་གི་འཛམ་གླིང་རིམ་པའི་ཟངས་ཀྱི་ཐོན་ཁུངས་རྟེན་གཞིར་གྱུར་ནས། ནུས་ཤུགས་ཡོད་པའི་སྒོ་ནས་རང་རྒྱལ་གྱི་ཟངས་གཏེར་རྩད་ཞིབ་གསར་སྤེལ་གྱི་རྣམ་པར་འགྱུར་ལྡོག་འབྱུང་ངེས།

དུས་མཚུངས་སུ། ཧེ་ལུང་ཅང་གི་ཏའོ་པའོ་རི་བོའི་ཟངས་གཏེར་པུའུ་ཡིས་གཏེར་ཁ་འཚོལ་ཞིབ་ལས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཟངས་ཀྱི་ཐོན་ཁུངས་ཏུན་ཁྲི365འཕར་སྣོན་བྱུང་བས། ཤར་རྒྱུད་ཟངས་ཀྱི་ཐོན་ཁུངས་རྟེན་གཞིའི་རྨང་གཞི་སྲ་བརྟན་དུ་བཏང་ཞིང་། རང་རྒྱལ་གྱི་ཟངས་ཀྱི་ཐོན་ཁུངས་འགན་སྲུང་བྱེད་ནུས་མངོན་གསལ་སྒོས་ཆེ་རུ་ཕྱིན།

图片

མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཅུང་ཞན་པས་རང་རྒྱལ་གྱིས་ལྗང་མདོག་གཏེར་ལས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཏེར་ལས་བྱེད་སྒོར་སྦགས་བཙོག་མི་བྱེད་པ་དང་སྐྱེ་ཁམས་ལ་བརྟེན་ནས་སྦགས་བཙོག་བཟོ་བའི་ཚད་གཞི་ཇེ་དམའ་རུ་གཏོང་རྒྱུ་མ་ཟད། གཏེར་ལས་གསར་སྤེལ་བྱས་རྗེས་ཁྲིམས་ལྟར་སླར་གསོ་བྱས་ཏེ། ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའུ་ཡིས་གཏེར་རྫས་རྨང་གཞིའི་ས་གཤིས་བརྟག་དཔྱད་ལས་དོན་སྤེལ་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཟངས་གཏེར་གྱི་ཐོན་ཁུངས་གསལ་རྟོགས་བྱེད་པ། ས་གནས་དང་ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མ་དངུལ་གཏོང་བར་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་པ། ལྗང་མདོག་རྩད་ཞིབ་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཟངས་གཏེར་གྱི་ཐོན་ཁུངས་རྟེན་གཞི་ཆེ་གྲས་གསར་པ་སྐོར་ཞིག་བསྐྲུན་པར་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་དང་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །