པར་རིས་གསར་འགྱུར།
发布时间:2025年02月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས།  ཚེ་བརྟན་བཀྲ་ཤིས།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཞི་པའོ་གྲོང་རྡལ་གྱི་ཞི་པའོ་སྐྱེ་ཁམས་བཞོན་མ་གསོ་སྤེལ་ར་བ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེ་ཤོས་ཀྱི་དེང་རབས་ཅན་གྱི་བཞོན་མ་གསོ་སྤེལ་རྟེན་གཞི་ཡིན། གསོ་སྤེལ་ར་བར་བཞོན་མ2000ཙམ་ཡོད་ཅིང་། རིག་ནུས་ཅན་གྱི་གསོ་སྤེལ་དང་རང་འགུལ་ཅན་གྱི་འོ་བཞོ་མ་ལག་སྤྱོད་ཀྱིན་ཡོད་པས། ཐོན་སྐྱེད་ཀྱི་ཕྱོད་ནུས་མཐོར་འདེགས་བཏང་ཡོད་པར་མ་ཟད་འགོ་ཁུངས་ནས་བཞོན་མའི་བདེ་འཇགས་ཁག་ཐེག་བྱས་ཡོད།

འོ་མ་བཞོ་ཁུལ་དུ་སོང་ན། རིག་ནུས་རྣ་ལུང་བཏགས་པའི་བཞོན་མ་རྣམས་རང་འགུལ་འོ་བཞོ་འཕྲུལ་ཆས་ཀྱི་སྟེང་དུ་སྟར་ཕྲེང་བསྒྲིགས་ཡོད་པ་མཐོང་ཐུབ། གསོ་སྤེལ་ར་བའི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། “བཞོན་མ་རེ་ལ་གློག་གི་རྣ་རྟགས་རེ་ཡོད་ལ། དེའི་ནང་དུ་འདུས་སྙིང་བཅུག་ཡོད་པས་ཐོབ་ཐང་དཔང་ཡིག་དང་གཉིས་སུ་མེད། ལས་བཟོ་བ་རྣམས་ཀྱིས་བཞོན་མའི་སྐྱེ་དུས་དང་སྡེབ་དུས། བཙའ་དུས། འོ་མའི་ཐོན་ཚད་སོགས་མ་ལག་ཏུ་གཏགས་ཏེ། ཨང་ཀི་ཅན་གྱི་དོ་དམ་བྱེད་ཀྱིན་ཡོད།”

图片
ལས་བཟོ་བས་གཟན་རྩྭ་སྟེར་བཞིན་པ།
图片
བཞོན་མར་རིག་ནུས་རྣ་ལུང་བཏགས་ཡོད།