ཚྭ་མཚོའི་མཛེས་ཉམས།
发布时间:2025年02月27日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ད་ལོའི་ལོ་གསར་སྐབས་སུ་ཚྭ་ཁ་ཚྭ་མཚོས་ཐུན་མིན་གྱི་མཛེས་ཉམས་དང་ཞབས་ཞུ་ལེགས་པོར་བརྟེན་ནས། རྒྱལ་ཡོངས་ཀྱི་ཡུལ་སྐོར་པ་མང་པོ་ཚྭ་མཚོ་ཁར་བཀུག ཤེས་གསལ་ལྟར་ན། ཟླ1པའི་ཚེས28ཉིན་ནས་ཟླ2པའི་ཚེས12ཉིན་བར། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་ཆིག་ཁྲི་ལྷག་སྣེ་ལེན་བྱས། ལོ་གསར་ཚེས་པ་གཅིག་ཉིན་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱིས་ཉིན་གཅིག་ལ་མི་ཐེངས་ཆིག་སྟོང་ཙམ་སྣེ་ལེན་བྱས།

ལོ་གསར་གྱི་སྐབས་སུ། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ལོ་གསར་གྱི་སྣང་ཚུལ་སྟུག་པོས་ཁྱབ། ལྒང་ཞུ་དམར་པོ་རླུང་ཁར་བསྐྱོད་པས། སྤྲོ་ཉམས་བརྟས་པའི་ཁ་དོག་དམར་པོ་མེ་ལོང་ལྟ་བུའི་མཚེའུ་དྭངས་མོར་འཆར་ཏེ། སྣང་ཡུལ་ལ་ཉམས་དགའ་བའི་མཛེས་སྡུག་གི་རི་མོ་བཤམས་པ་དང་འདྲ། ལྗོངས་ཁུལ་གྱི་ལས་བཟོ་བ་རྣམས་ཀྱིས་ལག་ལ་ཁ་བཏགས་བཏེགས་ནས་རྒྱང་རིང་གི་མགྲོན་པོ་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཞུས། རླངས་པ་ཐོལ་ཐོལ་ལྡང་བའི་ཇ་ནག་དཀར་ཡོལ་གང་རེ་ལས། ཡུལ་སྐོར་པ་རྣམས་ཀྱིས་གྲང་ངར་ཆེ་བའི་དགུན་དུས་ཀྱི་ཚྭ་ཁ་ཚྭ་མཚོའི་བརྩེ་བ་དྲོན་མོ་དེ་ཚོར། གནམ་གང་གི་དགོང་མོར། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱིས་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་པའི་དགུ་ཐུག་གི་བྱེད་སྒོ་སྤེལ་ཞིང་། ཚེས་པ་བཅོ་ལྔར། ལྗོངས་ཁུལ་གྱིས་རྒྱ་འཆམ་འཁྲབ་སྟེ། ཡུལ་སྐོར་པ་རྣམས་དགའ་སྐྱིད་ཀྱི་ཀློང་དུ་བསྐྱལ།

དགུན་ཁའི་ཚྭ་ཁ་ཚྭ་མཚོ་ནི་པར་ལེན་མཁན་རྣམས་ཀྱི་གནས་མཆོག་ཅིག་ཡིན།

མཚོ་མེ་ལོང་འདྲ་བའི་དཀྱིལ་ལ། སེམས་མེ་ལོང་འདྲ་བོ་འཁོར་སོང་།