གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3སྟེང་མི་དམངས་ཚོགས་ཁང་ཆེན་མོར་མགོ་རྩོམ་པ་དང་། ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་མཇུག་སྒྲིལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན6ཡིན།
➤རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚོགས་ཆེན་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་གྱིས་འབྱོར་ཐོ་བཀོད་ཟིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ལེགས་འགྲུབ་བྱུང་ཡོད།
➤རྒྱལ་ཁབ་སྡོམ་རྩིས་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དུས་ཡུན་གྱི་ལོ་ལྔའི་ནང་རྒྱལ་ཡོངས་ཀྱི་ཐོན་ལས་གསུམ་པའི་བྱེད་སྒོ་སྤེལ་མཁན་ཁྲིམས་མིའི་སྡེ་ཚན་གྱི་གྲངས་འབོར་ཁྲི922.2མང་དུ་ཕྱིན་པ་དང་། 53.7%འཕར་ཡོད།
➤2024ལོར་རང་རྒྱལ་གྱི་ཞིང་ལས་གུན་སྐྱོབ་ཀྱི་སྐྱོབ་གྲོན་ཡོང་འབབ་སྒོར་དུང་ཕྱུར1500ཙམ་ཡིན་པ་དང་། ཉེན་ཁའི་འགན་སྲུང་སྒོར་དུང་ཕྱུར་ཁྲི5ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཞིང་ལས་གུན་སྐྱོབ་ཀྱི་སྐྱོབ་གྲོན་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།
➤ ཉེ་ཆར་སྡོད་ཁང་འཛུགས་སྐྲུན་པུས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས། ས་གནས་ཁག་གིས་གྲོང་ཁྱེར་གྱི་འགོག་རྐྱེན་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། རྒས་འགྱུར་དང་འཚམ་པའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱས་ཏེ། བདེ་འཇགས་སྟབས་བདེ་དང་། རྒྱུན་མཐུད་འབྲེལ་བ། སྣ་མང་ཁོངས་ཡངས་བཅས་ཀྱི་འགོག་རྐྱེན་མེད་པ་དང་རྒས་འགྱུར་དང་འཚམ་པའི་ཁོར་ཡུག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།
➤རང་བྱུང་ཐོན་ཁུངས་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་གཏན་འཇགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་བྱ་རྒྱུ་དེ་རྒྱལ་ཁོངས་བར་སྟོང་ཡོངས་སུ་ཁྱབ་ཡོད་པ་རེད།
➤རང་རྒྱལ་གྱིས་ད་ལོ་ལྷ་གྲུ་ཉི་ཤུ་པ་དང་ལྷ་གྲུ་ཉེར་གཅིག་པའི་མི་སྡོད་འཕུར་གྲུ་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། མིག་སྔར་འཇིག་རྟེན་འཕུར་གྲུ་པའི་རུ་ཁག་བདམས་ཟིན་པ་དང་འབྲེལ་ཡོད་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།
➤ཚེས3ཉིན་ཆེས་མཐོའི་ཁྲིམས་ཁང་གིས་ཁྲོམ་རར་ཞུགས་པ་དང་འབྲེལ་བའི་སྲིད་འཛིན་གཏུག་བཤེར་གྱི་དཔེ་མཚོན་གྱོད་དཔེ་བཅུ་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད།
➤2024ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་མི་རིགས་ཀྱི་རྒྱུ་ནོར་འཁྱགས་འབྱེད་རིགས་ཀྱི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱི་རྒྱལ་དུ་གནས་པའི་ཁ་བསླུས་ཚང་དྲུག་བདེ་བླག་ངང་གཏོར་བརླག་བྱས་པ་རེད།
➤ཉེ་ཆར་ཀྲུང་གོ་དང་ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་འཛིན་བྱ་སྤྱོད་ཐེངས150པ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་གྲང་རྒྱུན་གྱི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས3ཉིན་གྱི་ཆུ་ཚོད20ནས་ཚེས4ཉིན་གྱི་ཆུ་ཚོད20བར་འབྲི་ཆུའི་དབུས་ལྷོ་རྒྱུད་དང་ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད6℃ནས8℃བར་མར་ཆག་རྒྱུ་དང་། དེའི་ནང་ཅང་ཞིའི་ལྷོ་རྒྱུད་དང་ཧྥུ་ཅན་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་གི་དྲོད་ཚད་མར་ཆག་ཚད10℃ནས12℃བར་སླེབས་རྒྱུ་ཡིན་པ་རེད།
➤ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཐོག་མའི་ཟླ་གཉིས་རིང་རྒྱལ་ཡོངས་སུ་གློག་སྒུལ་ལྕགས་རྟ་རྙིང་པ་གསར་དུ་བརྗེ་བ་ཁྲི100ལ་ཐོད་བརྒལ་བྱུང་བ་དང་། རླངས་འཁོར་གསར་པ་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་བྱས་པ་སྒོར་དུང་ཕྱུར26.6ལ་སླེབས་ཡོད།
➤མཚོ་སྔོན་ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད།
➤དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། གློག་བརྙན《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གོ་ལ་ཧྲིལ་པོའི་བསྡོམས་རྩིས་ཀྱི་བཙོང་འབབ(སྔོན་འཚོང་དང་ཕྱི་རྒྱལ་གྱི་བཙོང་འབབ)ཨ་སྒོར་དུང་ཕྱུར20ལས་བརྒལ་ཏེ། བཙོང་འབབ་ཨ་སྒོར་དུང་ཕྱུར20ལས་བརྒལ་བའི་ཡ་གླིང་གི་གློག་བརྙན་ཐོག་མར་གྱུར་ཡོད།
➤རྒྱལ་ཁབ་ནགས་རྩྭ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་དོམ་ཁྲའི་བས་མཐའི་ཁྱུ་ཚོགས་སྡོམ་འབོར་དུས་རབས20པའི་ལོ་རབས80པར1100ཡོད་པ་ནས1900བར་འཕར་ཡོད་པ་རེད།
➤ཞ་མོན་འགག་སྒོ་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་ཤར་གཏོང་ཐུབ་པ་ནས་བཟུང་། རྒྱལ་ནང་གི“དར་གོས་ལམ་གྱི་མཚོ་ཐོག་སྐྱེལ་འགྲུལ”གློག་རྡུལ་ཚོང་དོན་མྱུར་ལམ་ཐོག་མ་དེ་ཐེངས126འཁོར་སྐྱོད་བྱས་པ་དང་། དངོས་ཟོག་རིན་ཐང་སྒོར་དུང་ཕྱུར147.1ཡིན་པ་རེད།
➤ཚེས2ཉིན“ཧྭ་ལུང་དང་པོའི”ཀྲང་ཀྲོའུ་ཉིང་རྡུལ་གློག་ཁང3པའི་ཉིང་རྡུལ་གླིང་ཕྲན་འགྱུར་འབྱུང་ཕུང་པོའི་བཟོ་ཁང་གི་སྒུལ་ནུས་མིན་པའི་ཕུང་ཁོག་ནང་གི་ཆུ་བླུགས་སྒམ་གྱི་དཔེ་དུམ་གཅིག་འདེགས་སྒྲིག་ལེགས་གྲུབ་བྱུང་བ་རེད།
➤ཧུའུ་པེ་ཨེ་ཀྲོའུ་ཡི་ཨ་མྱེས་དང་ཚ་བོ་གཉིས་སེམས་ཆུང་མ་བྱས་པར་ཆུའི་ནང་ལྷུང་སྐབས། དམག་འཁྱུར་དམག་མི་ཡན་ཧུང་ཝུའུ་དང་། ཕྱི་འཚོང་ཨ་ཇོ་ཆུང་ཆུང་ཝང་ཝེ། གཞིས་ཁུལ་བདེ་སྲུང་ཉི་ཧྲའོ་ཞུང་བཅས་ཀྱིས་མཐོང་རྗེས་འཕྲལ་མར་ཆུ་ནང་དུ་འཛུལ་ནས་བསྐྱབ་པས། མཐར་ཨ་མྱེས་དང་ཚ་བོ་ཉིས་བདེ་བླག་ངང་བསྐྱབས་པ་རེད།
སྲིད་ཇུས།
➤རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཕྱོགས་སྟོན་དཔར་འགྲེམ་བྱས་ནས་ས་གནས་ཁག་གི་སྡེ་ཁུལ་སོགས་སྤྱི་པའི་གནས་ཡུལ་དུ་ལོ60ཡན་གྱི་རྒན་པར་འཚམ་པའི་ལུས་སྦྱོང་ཡོ་བྱད་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།
➤ཧྲང་ཧའེ་ཡིས་བྱེད་ཐབས་དཔར་འགྲེམ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད2ལས་མི་ཉུང་བ་འགན་ལེན་བྱས་ནས། སློབ་གྲྭའི་ལུས་རྩལ་ལས་བྱ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
➤ཤིན་ཅང་གིས་ཁེ་ལས་ཆུང་ཆུང་ངམ་ཡང་ན་སྒེར་གཉེར་གཉེར་སྐྱོང་བྱེད་པའི་སློབ་གྲྭ་དང་ཁ་བྲལ་ནས་ལོ་གཉིས་མ་ལོན་པའི་མཐོ་སློབ་མཐར་ཕྱིན་སློབ་མར་ཐེངས་གཅིག་གི་ལས་གཏོད་ཁ་གསབ་ཚད་གཞི་སྒོར5000བར་མཐོ་རུ་གཏོང་རྒྱུའི་བྱ་ཐབས་དཔར་འགྲེམ་བྱས་པ་རེད།
དེ་རིང་གི་གནམ་གཤིས།
➤ཤིན་ཅང་དབྱི་ལིའི་གྲོག་རོང་དང་ཤིན་ཅང་ལྷོ་མའི་གཤོང་སའི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་དང་། ནང་སོག་གི་དབུས་བྱང་རྒྱུད། ཧོང་ཧོའེ་དང་ཅང་ཧོའེ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་པའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་ཧྲན་ཏུང་ལྷོ་རྒྱུད་དང་ཨན་ཧུའེ་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཅང་ཧན། ཅང་ཧོའེ་ཤར་རྒྱུད་དང་། ཅང་ནན། ཧྭ་ནན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་ཡོད་པ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།