པར་རིས་གསར་འགྱུར།
发布时间:2025年04月11日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟི་ལིང་གྲོང་ཁྱེར་དུ་གནས་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ། ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མའི་དཔུང་སྡེ་འབྱོར་ནས། སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ས་གནས་རང་གི་དགེ་རྒན་རྣམས་དང་མཉམ་དུ་མགོ་ལོག་གི་སློབ་གསོ་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
སློབ་མས་རིག་ནུས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་པ།སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ཆེད་དང་། བྱིས་པ་སྔར་ལས་མང་པོའི་འཇོན་ནུས་སྔོག་འདོན་དང་དར་སྤེལ་གཏོང་ཆེད། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ཀྱིས་སློབ་ཐུན་བཀོད་སྒྲིག་ཐད་སྤོབས་པ་ཆེར་བསྐྱེད་ཀྱིས་གསར་གཏོད་བྱས་ཤིང་། སློབ་གྲྭར་ཧྲང་ཧའེ་ཡི་ཐོན་ཁུངས་ནང་འདྲེན་བྱས་ཏེ། མིས་བཟོས་རིག་ནུས་ཚོད་ལྟ་ཁང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་དཔལ་ཡོན་འགྲེམ་སྟོན་ཁང་། “སྐྱེད་ཚལ་གླིང”ཀྲུང་སྨན་རིག་གནས་རྟེན་གཞི་སོགས་བཙུགས། སློབ་ཁྲིད་བྱེད་མཁན་ལ་སློབ་གྲྭའི་དགེ་རྒན་ཕུད། ད་དུང་ཧྲང་ཧའེ་ཡི་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་ཚན་རྩལ་ཀུང་སིའི་ལས་བཟོ་པས་སློབ་ཕྱིའི་དགེ་རྒན་གྱི་འགན་ཁུར་ཏེ། ཡུལ་དངོས་སམ་དྲ་ཐོག་གང་རུང་ནས་སློབ་ཁྲིད་བྱེད་པ་རེད།དགེ་སློབ་གཉིས་ཀྱིས་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱེད་པ།དུས་མཚུངས་སུ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་སློབ་འབྲིང་སློབ་མའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གསོ་སྐྱོང་གི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དེ་ཆབ་སྲིད་སློབ་ཐུན་གྱི་ནང་དོན་གཙོ་བོར་བཞག་ཡོད། སློབ་གྲྭས་མཚོ་སྔོན་ལ་སློབ་གསོས་ཁ་གཏད་རོགས་སྐྱོར་བྱེད་པའི་ནང་རྐྱེན་ལ་བརྟེན་ནས། ས་གནས་གཉིས་ཀྱི་དགེ་རྒན་དང་སློབ་མའི་ཕན་ཚུན་བརྗེ་རེས་ལ་སྐུལ་འདེད་གང་ནུས་བཏང་། །