པར་རིས་གསར་འགྱུར།
发布时间:2025年04月28日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཉེ་སྔོན་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མཚོ་སྔོན་རྡོ་རྗེ་བཟོ་རྩལ་གསར་སྤེལ་ཚད་ཡོད་ཀུང་སིར་བཅར་ཚེ། བལྟས་མ་ཐག་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་མཐོང་ཐུབ། འགྲེམ་སྟོན་ཁང་དུ། བོད་ཅོག་དང་འབོལ་ཁྲི། བརྙན་འཕྲིན་སྟེགས་སྒྲོམ་གྱིས་ཁེངས་འདུག་ལ། ཐོན་རྫས་རེ་རེ་ལ་མཚོ་བོད་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ། ཉམས་རོལ་ཁང་གི་ཁ་གཏད་ཀྱི་འཁོར་ཁང་དུ་ཤིང་བཟོ་དང་རྩི་འབྱུག་མཁན་རྣམས་སོ་སོའི་ལས་ལ་བྲེལ་འདུག་པ་མཐོང་།

རྡོ་རྗེ་ཁྱིམ་ཆས་ཏེ། ས་གནས་རང་གི་མི་རིགས་ཁེ་ལས་འདིས་ས་གནས་ཀྱི་དབུལ་ཕོངས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་ཅིང་། “ཐོན་ལས་གླིང+དབུལ་སྐྱོར”གྱི་ལས་གཉེར་རྣམ་པས་གནད་ཁེལ་དབུལ་སྐྱོར་ལ་རམ་འདེགས་བྱས་ཏེ་རྩོལ་པོའི་བྱང་ཚད་མཐོར་འདེགས་བཏང་ཡོད། དེ་གས་ཐོན་སྐྱེད་བྱས་པའི་ཤིང་བརྐོས་ཁྱིམ་ཆས་ལ་བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། བཟོ་རྩལ་གྱི་མཛེས་པ་མངོན་པར་འཕགས་པ་ཞིག་འདུག་པས་ཚོང་རས་དགའ་བསུ་ཆེན་པོ་ཐོབ་ཡོད།

ད་སྐབས་ཀུང་ཟི་དེ་གས་རྒྱལ་སྤྱིའི་བཟོ་ཁང་དང་མཉམ་ལས་འབྲེལ་བ་བཙུགས་ཏེ། མཚོ་བོད་ཀྱི་ཁྱིམ་ཆས་རིག་གནས་འཛམ་གླིང་གི་གར་སྟེགས་སུ་སྤེལ་བ་དང་། ལག་ལེན་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་བླངས་ཐོག  མཚོ་བོད་ཁྱིམ་ཆས་ཀྱི་གྲོང་རྡལ་བསྐྲུན་ནས་མི་རིགས་ཀྱི་ཁྱད་ཆོས་འཛམ་གླིང་གི་གར་སྟེགས་སུ་ཁྱབ་པར་གཞོལ་ཡོད། 

图片
图片
图片

 རྡོ་རྗེ་ཁྱིམ་ཆས་ཀྱི་བཟོ་བ་རྣམས་སོ་སོའི་ལས་ལ་བྲེལ་བའི་ཉམས་སྣང་།