རྒྱ་གར་གྱི་མི14ཡིས་ཆང་རྫུན་འཐུང་ནས་ཤི།
发布时间:2025年05月14日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚེས13ཉིན་རྒྱ་གར་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཕེན་ཀྲེ་ཕུའུ་པང་ཨ་མུའུ་ལི་ཙེ་ས་ཁུལ་དུ་ཆང་རྫུན་འཐུང་སྟེ་དུག་ཕོག་པའི་དོན་རྐྱེན་ཞིག་ཐོན་ནས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི6ལ་ཉེན་ཁའི་གནས་ཚུལ་བྱུང་ཡོད་པ་རེད།

图片
གནས་ཚུལ་སྤེལ་བ་ལྟར་ན། ཨ་མུའུ་ལི་ཙེ་ས་ཁུལ་གྱི་མཐོ་རིམ་ཉེན་རྟོག་དཔོན་མ་ཉིང་ཏེ·ཤིན་ཀེས“ང་ཚོར་མདང་དགོང་ཆུ་ཚོད9དང་སྐར་མ30ཡས་མས་སུ་མི་ཞིག་གིས་ཆང་རྫུན་འཐུང་ནས་ཤི་འདུག་ཅེས་པའི་གནས་ཚུལ་འབྱོར་བྱུང་། ང་ཚོས་མྱུར་དུ་འགུལ་སྐྱོད་བྱས་ནས་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས།
མིག་སྔར་འབྲེལ་ཡོད་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།