མཚོ་བྱང་ཁུལ་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”ཀྱི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ།
发布时间:2025年05月15日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད།མཚོ་བྱང་ཁུལ་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་རྨང་གཞི་དང་ལུས་རྩལ་འགྲན་སྡུར་སྒུལ་ཤུགས་སུ་བརྩི་བ། རིག་གནས་ཡུལ་སྐོར་གཞི་རྟེན་དུ་བརྩི་བ། ཚོང་ལས་ཕྱོགས་སྒྱུར་བྱེད་སྟངས་སུ་བརྩི་བ་བཅས་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།
མིག་སྔར། ཁུལ་ཡོངས་སུ་བོད་ལུག་དང་ནོར་གནག་ཁྲི་སྟོང་གི་གསོ་སྤེལ་རྟེན་གཞི75བསྐྲུན་པ་དང་། རང་བྱུང་རྩྭ་ཐང་མུའུ་ཁྲི2586དང་རྨོ་ཞིང་མུའུ་ཁྲི1.09། དེ་བཞིན་བོད་ལུག་དང་ནོར་གནག་ཁྲི213བཅས་ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་ཐོབ་པ་དང་། མདའ་བཞི་རྫོང་རྒྱལ་ཡོངས་རྩྭ་ཐང་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཞིང་ཆེན་རིམ་པའི་ཚོད་ལྟའི་རྫོང་དུ་བདམས་པ་དང“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་སྐྱེད་རྟེན་གཞི21བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“གནས་གསུམ་སྒམ་བརྒྱ”29བཙུགས་པ། “མདོ་ལའི་བོད་ལུག”དང“འཇུ་ལག་ལོག་དཀར་ཆུང་བ”རྒྱལ་ཡོངས་ཞིང་ལས་ཐོན་རྫས་ས་ཁོངས་སྤྱི་སྤྱོད་ཆས་རྟགས་མིང་ཐོའི་ནང་བདམས་པ། “མདོ་ལའི་བོད་ལུག”ཨའོ་མོན་དུ་ཐད་ཀར་ཕྱིར་ཚོང་བྱས་པ་དང་འཇུ་ལག་སྦྲང་རྩི་འཇར་པན་དུ་ཕྱིར་གཏོང་བྱས་པ། རྐང་ཚའི་བོད་ལུག་ཁྲི18པེ་ཅིང་དུ་ཕྱིར་ཚོང་བྱས་ཡོད། དེ་དང་ཆབས་ཅིག མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ལྗོངས་ཁུལ6གི་ཚད་གཞི་མཐོར་གཏོང་དང་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱི་བསྡོམས་འབོར24ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ཞིང་ཆེན་རིམ་པའི་ཡུལ་སྐོར་ཚོད་ལྟའི་སྡེ་བ16བསྐྲུན་པ་དང་ལྗོངས་ཁུལ7གྲོང་གསེབ་དར་སྤེལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཁྱིམ་ཐོ976གི་རོང་འབྲོག་མང་ཚོགས3175ལ་སྣེ་ཁྲིད་བྱས་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1300ལྷག་ཙམ་ལ་འཕར་ཡོད། འཇུ་ལག་རྫོང་སྟེ་གྱོ་སྡེ་བ་སོགས་སྡེ་བ4རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་ཁག་གཉིས་པར་བདམས་པ་དང་མདོ་ལ་རྫོང་དམར་ཝོར་སྡེ་བ་སོགས་སྡེ་བ20ལ་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་ཁག་དང་པོའི་གདེང་འཇོག་ཐོབ།
མཚོ་བྱང་ཁུལ་གྱིས་རྡུལ་ཕྲན་མཁར་དྲན་གསོ་ཁང་དང221རྟེན་གཞིའི་གནའ་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གསར་བརྗེའི་ཉམས་ཞིབ་ཡུལ་དངོས་སློབ་ཁྲིད་ས་ཚིགས31བསྐྲུན་པ། ལོ་གཅིག་གི་ནང་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་ཐེངས120སྤེལ་བ་དང་རིམ་རྩིས་བྱས་ན་གསོ་སྦྱོང་འཛིན་གྲྭ་ཐེངས728གཉེར་བ་དང་སྦྱོང་བརྡར་དང་ལེན་བྱེད་མཁན་མི་ཁྲི15.3ཟིན་ཡོད། སྲོལ་རྒྱུན་རིག་གནས་གྲོང་གསེབ་ཡུལ་སྐོར་དང་འདྲེས་ནས་བོད་ཀྱི་ལ་གཞས་དང་རྨ་ཙོང་ཤོག་དྲས་སོགས་སྲོལ་རྒྱུན་རིག་གནས་ལག་རྩལ་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་གསར་གཏོད་ཐོན་རྫས70ལྷག་ཙམ་ཇུས་འགོད་བྱས་པ་དང་། ལོ་རེའི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར1.02ཟིན་ནས་ཡུལ་སྐོར་བ་ཁྲི802.72ལས་བརྒལ་རྒྱུར་སྐུལ་ཁྲིད་བྱས། གཞན་ཡང་ལུས་རྩལ་འགྲན་སྡུར་སྣ་ཚོགས་ཐོན་ལས་མཉམ་འགུལ་གྱི“འགྱུར་སྐུལ་རྫས”སུ་གྱུར་ནས་རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་རིང་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི518ཟིན་པ་དང་། གན་རྒྱ་བཞག་པའི་ལས་གཞི་སྒོར་དུང་ཕྱུར13ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར30.47ཟིན་པར་སྐུལ་ཁྲིད་བཅས་བྱས།
ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་སུ“གྲངས་འཛིན་ཚོང་ལས་ཀྱིས་ཞིང་ལས་དར་སྤེལ”གྱི་ལས་གྲྭ་ལག་བསྟར་བྱས་ཏེ་རྫོང་དང་ཡུལ་ཚོ། སྡེ་བ་བཅས་ལ་ཁྱབ་པའི་རིམ་པ་གསུམ་པའི་ཚོང་ཟོག་འགྲེམས་ཚོང་ལས་དྲ་རྒྱ་བསྐྲུན་པ་དང་རྫོང་རིམ་པའི་བགོ་འགྲེམས་ལྟེ་གནས4དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཟོག་འགྲེམས་བར་བརྒྱུད་ས་ཚིགས32དང་སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས152བཅས་བསྐྲུན། ཐད་གཏོང་དངོས་ཟོག་ཕྱིར་ཚོང833བྱས་པ་བརྒྱུད་ནས་མཚོ་བྱང་གི་སྤུས་ལེགས་ཐོན་རྫས300ལྷག་ཙམ་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི4071ཟིན་པ་དེ་དུས་མཚུངས་ལས19%འཕར་ཡོད།