པར་རིས་གསར་འགྱུར།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། མཚོ་སྔོན་གྱི་ཁུར་ལུག་མཚེའུ་དང་ཐའོ་སུའུ་མཚེའུ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཚྭ་འདམ་གཞོང་ཁུལ་གྱི་ཤར་བྱང་དུ་གནས་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་གཏེར་ལེན་ཁ་དང་སྤྱི་ལེ50ཡིས་ཆོད། དེས་ཚྭ་འདམ་གཞོང་ཁུལ་གྱི་སྐྱེ་ཁམས་དོ་མཉམ་ལ་ནུས་པ་གལ་ཆེན་ཐོན་ཡོད། ཁུར་ལུག་མཚེའུ་ནི་ཚྭ་མེད་མཚེའུ་ཡིན་ལ། ཐའོ་སུའུ་མཚེའུ་ནི་ཚྭ་ཆུའི་མཚེའུ་ཡིན། མཚེའུ་གཉིས་ཀྱི་བར་ལ་སྤྱི་ལེ10ལས་མེད་པས། ཐུན་མོང་མ་ཡིན་པའི“ཚྭ་ལྡན་ཚྭ་མེད”ཀྱི་བརླན་སའི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད་པར་མ་ཟད། དེ་ནི་འདབ་ཆགས་རིགས་ཀྱི་གནས་སྤོར་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། སྲུང་སྐྱོབ་ཁུལ་གྱིས་ཐོག་མར་བརྟག་དཔྱད་བྱས་ཏེ། ནུབ་ཕྱོགས་ཀྱི་རླན་དེ་དང་མཐེ་བ་རྒྱ་སྨུག ཁྱི་གྲུམ་སོགས་སྲོག་ཆགས་རིགས་གསར་པ་ཡོད་པ་ཤེས་པས། སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་གྲངས་འཛོམས་པོར་གྱུར། མཚེའུ་སྐྱར་མཆུ་དམར་ཚོགས་ཀྱིས་ཁྲུས་ལ་རོལ་བ། ཆུ་བྱའི་ཚོགས་རྣམས་མཚེའུ་ངོས་སུ་རྩེན་པ། ཁུར་ལུག་མཚེའུའི་མཛེས་ལྗོངས། མཚེའུར་ཞུགས་པའི་གྲུ་ཆུང་། སོ་བྱ་རོག་པོས་མཚེའུ་འགྲམ་དུ་ངལ་གསོ་བ།