ད་ལོར་རྨ་ཆུའི་མགོ་ཁུངས་སུ་གནས་སྤར་བའི་ཁྲུང་ཁྲུང་སྐེ་ནག318ལ་སླེབས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་ཤེས་གསལ་ལྟར་ན། མིག་སྔའི་བར། རྨ་ཆུ་ཤང་གི་ས་ཁོངས་སུ་གནས་སྤར་བའི་ཁྲུང་ཁྲུང་སྐེ་ནག318ལ་སླེབས།
ཟླ3པའི་ཚེས21ཉིན། རྨ་སྟོད་སྟོད་རྫོང་རྨ་ཆུ་ཤང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་མཚོ་འཕགས་སྨི4000ལྷག་ཙམ་ཡོད་པའི་འདམ་རར་ད་ལོའི་དཔྱིད་དུས་གནས་སྦར་བའི་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ23ལ་ལྟ་ཞིབ་ཚད་ལེན་བྱས། རྗེས་སུ་གནམ་གཤིས་རིམ་བཞིན་ཇེ་དྲོར་ཕྱིན་པ་དང་བསྟུན་ནས། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་སྔ་རྗེས་སུ་རྨ་ཆུའི་ཤང་མངའ་ཁོངས་ཀྱི་བརླན་ས་དང་གཙང་བོ། མཚེའུ་བཅས་སུ་འབྱོར་ནས་ངལ་གསོ་བྱེད་བཞིན་ཡོད་པ་དང་། ཟླ5པའི་ཟླ་དཀྱིལ་དུ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་ཁྲུང་ཁྲུང་སྐེ་ནག318ལ་ལྟ་ཞིབ་ཚད་ལེན་བྱས།
ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་མཐོ་སྒང་དུ་འཚོ་གནས་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཀྱང་ཡིན། ལོ་རེའི་དཔྱིད་དུས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་དགུན་དུས་སུ་ལམ་ལ་ཆས་ཏེ། དབྱར་དུས་ཀྱི་སྐྱེ་འཕེལ་བྱ་ཡུལ་དུ་འཚོ་གནས་བྱེད་བཞིན་ཡོད། རྗེས་སུ་ཕྱོགས་བཞིར་ཆུ་ཡིས་བསྐོར་བའི་རྩྭ་སྟེགས་དང་འདམ་རྩྭ་སོགས་བདམས་ནས་ཕྲུ་གུ་གསོ་སྐྱོང་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། རྨ་སྟོད་རྫོང་རྨ་ཆུ་ཤང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་འབད་བརྩོན་བྱས་པར་བརྟེན། ས་གནས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་སྒོ་ང་རུམ་ཚད་ཐོག་མའི20%ནས་ད་ལོའི95%ཡན་བར་མཐོ་རུ་ཕྱིན་པར་མ་ཟད། གསོན་ཚད་ཀྱང་མངོན་གསལ་ངང་མཐོ་རུ་ཕྱིན་ཡོད། ན་ནིང་སྟོན་ཁར། རྨ་ཆུ་ཤང་གིས་ཁྲུང་ཁྲུང་སྐེ་ནག400ལྷག་ཙམ་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། རྨ་ཆུའི་མགོ་ཁུངས་ནི་གཙང་གསུམ་འབྱུང་ཡུལ་གྱི་དབྱར་དུས་ཀྱི་ཁྲུང་ཁྲུང་སྐེ་ནག་སྐྱེ་འཕེལ་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།
རྨ་ཆུ་ཤང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་ངོ་སྤྲོད་བྱས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་གིས་རྨ་ཆུའི་མགོ་ཁུངས་ཀྱི་དབྱར་དུས་སྐྱེ་འཕེལ་བྱ་ཡུལ་དུ་འཚོ་གནས་བྱེད་ཡུན་ཅུང་རིང་སྟེ། སྤྱིར་བཏང་ཟླ8ནས་ཟླ9བར་ཡིན། ཟླ3པ་ནས་ཟླ4པའི་བར། དཔྱིད་དུས་གནས་སྤོས་བྱས་པའི་ཁྲུང་ཁྲུང་སྐེ་ནག་མཐོ་སྒང་གི་འདམ་སར་སླེབས་རྗེས། མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ལ་གཞིགས་ནས། ངལ་གསོ་བྱ་ཡུལ་འོས་འཚམ་འདེམས་ཏེ། བརླན་སར་སྒོ་ང་གཏོང་བ་དང་། སྒོ་ང་རུམ་ནས་དབྱར་དུས་སུ་སྒོ་ང་བཀད་ནས་དུས་ཡུན་ཅུང་འགོར་རྗེས། དུས་ཚོད་དམ་འཛིན་བྱས་ནས་ཕྲུ་གུར་ཟས་འཚོལ་བ་དང་འཕུར་སྐྱོད་སོགས་གཞི་རྩའི་འཚོ་བའི་རྩལ་ནུས་ཁྲིད་སྲིད། ཟླ10པའི་ཟླ་མཇུག་ནས་ཟླ11པའི་བར་གནམ་གཤིས་ཇེ་འཁྱགས་སུ་སོང་བ་དང་བསྟུན་ནས་ལྷོ་ཕྱོགས་སུ་བསྐྱོད། །