མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་།
发布时间:2025年06月06日 消息来源:

རྩོམ་སྒྲིག་པ།ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས།ཚེ་བརྟན་བཀྲ་ཤིས། 

    ཉེ་སྔོན། གསར་འགོད་པ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་སུ་ཚུད་པའི་མཚོ་སྔོན་ས་ཁོངས་སུ་བསྐྱོད་དེ། མཚོ་བོད་མཐོ་སྒང་གི་ཤར་བྱང་མཐའ་མཚམས་སུ་གནས་པའི“ཀྲུང་ཧྭའི་ཆུ་ལྕོག”གིས་ཚན་རིག་དང་མི་གཞུང་རིག་གནས་ཇི་ལྟར་གཅིག་ཏུ་སྦྲེལ་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཇི་ལྟར་བྱས་པའི“མཐོ་སྒང་གི་དྲིས་ལན”དེར་རྒྱུས་ལོན་བྱས།ནགས་ཚལ་དུ་བྱ་དང་བྱེའུ་ཡི་སྐད་སྙན་ཀྱུར་ཀྱུར་སྒྲོག་ལ། སྤང་ཐང་དུ་སྤྱང་ཀི་དང་གཙོད་སོགས་བག་ཡངས་སུ་རྒྱུ། རྫ་མགོ་རུ་གནའ་བ་བྲག་ལ་འགོ་བ་དང་། གངས་གཟིག་གིས་གཟན་ལ་སྒུག ང་ཚོས་གསར་འགོད་པའི་པར་མིག་བརྒྱུད་དེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་སུ་ཚུད་པའི་མཚོ་སྔོན་ས་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་། སྐྱེ་ཁམས་ཀྱི་མཛེས་ལྗོངས། ཚེ་སྲོག་གི་མཚར་སྡུག་བཅས་ལ་མྱོང་བཞིན། “སྐྱེ་འགྲོ་མཉམ་གནས་དང་ཡལ་མེད་མཛེས་ཉམས”ཀྱི་རང་བྱུང་མཚར་སྡུག་དེ་མཉམ་དུ་བྲི་བར་བྱ།