ལྡེམ་མྱུར་གཤོག་རྩལ་གྱིས་ལྟད་མོ་པའི་ཡིད་དབང་ཕྲོགས།
发布时间:2025年06月09日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གསར་འགོད་པ་རང་ཞིང་གི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་སྤྱི་ལེ40ཡིས་ཆོད་པའི་མཚམས་ཀྱི་ཁུར་ལུག་མཚེའུ་ཡི་འགྲམ་དུ་བསྐྱོད་པར། མཚེའུ་དེ་ནི་བྱེ་མའི་ཐང་ཆེན་དུ་བསྐྱུར་བའི་གཡུ་ཡི་མེ་ལོང་ཞིག་དང་འདྲ་བ་མཐོང་། ཚྭ་འདམ་གཞོང་ཁུལ་གྱི་བརླན་སའི་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་པའི་ཆ་ནས། དཔྱིད་དབྱར་གཉིས་ལ་ཆུ་སྐྱར་མང་པོ་དེ་གར་གནས་འཆའ་བ་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས། ཁུར་ལུག་མཚེའུ་ལ་སྔར་ལས་ཀྱང་མཛེས་ཉམས་རྒྱས་ཤིང་། མི་རྣམས་ལ་སྐྱེ་ཁམས་ཀྱི་དཔལ་ཡོན་ཅི་ཡང་སྟོན།