མཚོ་སྐྱ་རེངས་ནས་ཆིན་རྒྱལ་རབས་དུས་ཀྱི་བྲག་བརྐོས་ཡི་གེ་རྙེད་འདུག
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གསར་འགོད་པས་ཚེས8ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ལས་དོན་པས་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཀྱི་བྱང་ངོགས་ནས་ཡིག་འབྲུ37ཡོད་པའི་རྒྱལ་པོ་ཆིན་ཧྲི་ཧོང་གིས་ཕོ་ཉ་མངགས་ནས“ཁུ་ནུ་རི་བོར་སྨན་འཐུ་བའི”སྐོར་བཀོད་པའི་ཆིན་རྒྱལ་རབས་སྐབས་ཀྱི་བྲག་བརྐོས་ཡི་གེ་རྙེད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། བྲག་བརྐོས་ཡི་གེ་འདི་ནི་རྒྱལ་པོ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་རྗེས་བཞག་པའི་དེ་སྔའི་གནས་ཡུལ་དུ་གནས་པའི་བྲག་བརྐོས་འབའ་ཞིག་ཡིན་ལ། མིག་སྔའི་བར་ཉར་ཚགས་ཆ་ཚང་ཤོས་དང་དུས་མཚུངས་མཚོ་བོད་ས་མཐོ་ནས་རྙེད་པའི་ལོ་དུས་སྔ་ཤོས་ཀྱི་བྲག་བརྐོས་ཡི་གེ་ཞིག་ཀྱང་ཡིན་པས། དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན།

མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300སར་གནས་པའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ནི་རྨ་ཆུ་རྒྱུག་ཁུལ་གྱི་ཚྭ་མེད་མཚེའུ་ཆེ་ཤོས་གཉིས་ཡིན་པ་དང་། དེར་ཐང་རྒྱལ་རབས་ཀྱི་ཚད་ལྡན་ཡིག་ཆའི་ནང“པཱའེ་ཧའེ”ཞེས་འབོད་ཅིང་། དེ་ནི་སྔར་ཀྲུང་ཡོན་གྱི་ས་ཆ་ནས་བོད་ལྗོངས་ཀྱི“ཐང་བོད་གནའ་ལམ”དུ་སྐྱོད་སའི་ལྟེ་གནས་ས་ཁུལ་ཞིག་ཡིན།
བྲག་བརྐོས་ཡི་གེ་འདིའི་ཡིག་གཟུགས་ནི་ཆིན་གྱི་གཟབ་བྲིས་ཞའོ་ཀྲོན་ཡིན་པ་དང་། དེའི་ནང་། རྒྱལ་པོ་ཆིན་ཧྲི་ཧོང་གི་བློན་ཆེན་ཝུའུ་ཏ་ཧྥུ་དབྱི་ཡིས་མཁྱུད་དཔྱད་པ་ཁག་གཅིག་གི་སྣེ་ཁྲིད་དེ། འཁོར་ལོར་བསྡད་ནས་ཁུ་ནུ་རི་བོ་རུ་འཆི་མེན་ཡུན་གནས་ཀྱི་སྨན་འཐུ་བར་བཏང་ཡོད། ཁོང་ཚོ་ལོ་དེའི་ཟླ་གསུམ་པའི་ཉིན་མོར་གནས་འདིར(རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་འགྲམ་དུ་སླེབས་པ་དང་། མུ་མཐུད་ལེ་དབར་བརྒྱ་དང་ལྔ་བཅུ་ཙམ་བསྐྱོད་རྗེས་(དམིགས་སར་འབྱོར་བ་རེད)ཞེས་བཀོད་ཡོད།

བྲག་བརྐོས་ཡི་གེ་འདི་ནི་མཚོ་སྐྱ་རེངས་བྱང་ངོགས་ཀྱི་རི་ལྡེབས་ཀྱི་བྲག་སྐེད་ནས་འབུར་བའི་ཞོན་ཝུའུ་བྲག་རྡོའི་གཤམ་ལ་གནས་ཤིང་། བྲག་ངོས་ཀྱི་སྤྱིའི་རིང་ཚད་ལ་ལི་སྨི82ཡོད་པ་དང་། ཁ་ཞེང་ཆེ་ཤོས་ཀྱི་མཚམས་ལ་ལི་སྨི30ཡོད་པ་རེད།
བྲག་བརྐོས་ཡི་གེ་དེའི་ནང་དོན་དང་གང་དེ་གནས་སའི་ས་ཁམས་གནས་ཡུལ་གྱིས་མི་རྣམས་ནས་གནའ་ནས་ད་བར་རྩོད་གླེང་བྱེད་པའི“ཁུ་ནུ”དང“གཙོ་ཁུངས”སྐོར་གྱི་ས་ཁམས་གནས་ཡུལ་སྐོར་གྱི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱལ་པོ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་རྗེས་ཕོ་ཉ་མངགས་ནས་ཁུ་ནུ་རི་བོ་རུ་འཆི་མེད་སྨན་འཚོལ་བའི་ལོ་རྒྱུས་ཀྱི་དོན་དངོས་བདེན་དཔང་བྱས་ཡོད་ལ། དེ་ཚད་ལྡན་ཡིག་ཆའི་ནང་དུ་བཀོད་མེད། དེས་ཀྱང་སུའེ་དང་ཐང་རྒྱལ་རབས་སྐབས་ཀྱི“ཐང་བོད་གནའ་ལམ”ར་སྤྲོད་བྱས་ཡོད་པ་དང་། རྒྱལ་པོ་ཆིན་ཧྲི་ཧོང་གི་དུས་སྐབས་སུ་ཆེས་འགག་རྩའི་ལྷུ་ཚིགས་བསྒྲུབས་ཡོད། དེ་ནི་གཞུང་ཕྱོགས་ཀྱི་རྒྱབ་ལྗོངས་ཡོད་པའི་ཀྲུང་ཡོན་ནང་སའི་ཕོ་ཉ་ཚོགས་པས་མཚོ་བོད་ས་མཐོའི་ས་བབ་མཐོ་བའི་ཉེན་ཁ་ཆེ་བའི་ཁོར་ཡུག་ལ་འགྲན་སློང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཚོད་ལྟ་ཞིག་རེད།
བྲག་བརྐོས་ཡི་གེ་འཚོལ་རྙེད་ཐུབ་པའི་ས་ཆ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧ་ཅང་མཐོ་བའི་མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་པ་དང་། ཀྲུང་ཡོན་ནང་ཁུལ་དང་བར་ཐག་སྤྱི་ལེ1500ཡོད་པ་ཤེས་རྟོགས་བྱུང་། དེས་ཀྲུང་ཡོན་རྒྱ་རིགས་མི་དམངས་ཀྱིས་ལོ་ངོ2200ལྷག་ཙམ་གོང་དཀའ་ངལ་དང་ཉེན་ཁར་མི་འཛེམས་པར་མཚོ་བོད་ས་མཐོའི་མི་མེད་ཁུལ་ལ་ཉེན་བརྟག་མྱུལ་དཔྱད་བྱས་པ་མཚོན་ཡོད་པས། ཀྲུང་ཧྭ་ཤེས་དཔལ་གྱིས་རང་བྱུང་ཁམས་ཆེན་པོར་འཚོལ་ཞིབ་གཏིང་ཟབ་བྱེད་པའི་དཔེ་མཚོན་དངོས་ཤིག་རེད། དེ་བས་གལ་ཆེ་བ་ཞིག་ནི་བྲག་བརྐོས་གསར་རྙེད་བྱུང་བ་དེས་རྒྱལ་པོ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་པའི་དུས་ནས་བཟུང་། ཀྲུང་ཡོན་རིག་གནས་ཀྱིས་མཚོ་བོད་ས་མཐོའི་ལྟེ་གནས་སུ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་ཐད་ཀར་ར་སྤྲོད་བྱུང་ཡོད། ད་ལྟའི་མཚོ་སྔོན་དང་བོད་ལྗོངས་ཀྱི་དཀྱིལ་དུ་གནས་པའི་ཁུ་ནུ་རི་བོ་དང་རྨ་ཆུའི་འབྱུང་ཁུལ་ནི་མ་མཐར་ཡང་རྒྱལ་པོ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་བྱས་པའི་སྐབས་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་གནས་ས་དང་བསམ་པའི་ཁྱིམ་གཞིས། དེ་བཞིན་ཀྲུང་ཧྭའི་མ་ཡུམ་ཆུ་བོའི་འབྱུང་ཁུངས་བཅས་ཡིན་པ་དང་། གང་དེ་ཀྲུང་ཧྭ་མི་རིགས་ལ་ཆ་མཚོན་ན་དམིགས་བསལ་གྱི་དོན་སྙིང་གཏིང་ཟབ་ལྡན་པ་སྔ་ས་ནས་ངོས་འཛིན་གཅིག་གྱུར་བྱུང་ཟིན།