ལྗང་མདོག་རྩིས་ནུས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཕུན་ཚོགས་སུ་བཏང་བ།
发布时间:2025年06月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གཞི་གྲངས་ཆེན་པོའི་ལྟེ་གནས་རེ་རེ་ལས། ལུག་རྫི་བུ་མོ་ཞིགAIམཆན་འགོད་པར་གྱུར་ཅིང་། ལྗང་མདོག་རྩིས་ནུས་དེ་གནད་འགག་གི་ཐོན་སྐྱེད་ནུས་ཤུགས་སུ་གྱུར་པའི་གཞི་གྲངས་དཔལ་འབྱོར་གྱིས་ཧ་ལས་པའི་མྱུར་ཚད་ཀྱིས་མཚོ་སྔོན་གྱི“གཞི་གྲངས་ས་ཁོངས”གསར་འབྱེད་བྱེད་བཞིན་ཡོད།

མཚོ་སྔོན་ནི“གཙང་པོ་གསུམ་གྱི་འབྱུང་ཁུངས”དང“ཀྲུང་ཧྭའི་ཆུ་ལྕོག”ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བཞིན་པའི་ལས་འགན་གལ་ཆེན་ཞིག་རེད། “ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་བརྒྱུད་པ”ནི། མཚོ་སྔོན་འཕེལ་རྒྱས་ཀྱི་ངེས་གནས་ལ་བསམ་གཞིག་གཏིང་ཟབ་བྱས་པ་ཞིག་ཡིན་ལ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་མཁོ་བའི་ཡུན་རིང་གི་ཐབས་ཇུས་ཤིག་ཀྱང་ཡིན། མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་ཐོན་ཁུངས་དང་ནུས་ཁུངས་ཀྱི་སྐྱེ་སྟོབས་ལ་རྐང་བཙུགས་ཏེ། ས་གནས་ཀྱི་གནས་ཚུལ་ལྟར་ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱ་རྒྱུ་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཡིན་ལ། གཞི་གྲངས་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། ནུས་ཁུངས་གཙང་མ་དང་མིས་བཟོས་རིག་ནུས། གཞི་གྲངས་དཔལ་འབྱོར་བཅས་ཟུང་འབྲེལ་དམ་པོ་བྱས་ཏེ། མཐོ་སྒང་གི་ལྗང་མདོག་རྩིས་ནུས་ཀྱི་སྟོབས་ཤུགས་གསར་པར་མགྱོགས་མྱུར་གྱིས་བསྒྱུར་བ་དང་།“ལྗང་མདོག་གི་རིན་ཐང”ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རིན་ཐང”མཐོ་རུ་གཏོང་བ་ལས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འགན་འཁྲི་ཁུར་དུ་བླངས་པ་མཚོན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན།

图片

ཨ་ལི་དང་པའེ་ཏུའུ། ཅིན་ཏུང་སོགས་ཁེ་ལས་ཆེ་གྲས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་ནས། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་དང་པོ་བསྐྲུན་པ་དང་། འཛམ་གླིང་གི“རང་འགུལ་རང་གསོག་དང་རང་སྤྱོད་རང་སྲུང”གི་ལྗང་མདོག་གློག་དྲ་ཕྲ་མོའི་རྩིས་ནུས་ལྟེ་གནས་ཀྱི་དཔེ་སྟོན་ལས་གཞི་དང་པོ་སྤེལ་མགོ་བརྩམས་ནས།  “ཇུས་འགོད”ནས“གཏན་འཁེལ”དང་།“མེད་པ”ནས“ཡོད་པའི”བར།“ཆུང་བ”ནས“ཆེ་བའི”བར།“ཡོད་པ”ནས“ལེགས་པོའི”བར།“ལེགས་པོ”ནས“སྟོབས་ལྡན”བར། “གཏིང་མི་ཟབ་པ”ནས“གཏིང་ཟབ་པའི”བར་གྱི“འགྱུར་ལྡོག་དྲུག་པོ”འདིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཁྱོན་ཡོངས་ནས་འཕེལ་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པར་བྱེད་དགོས།

“ས་ཁམས་ཀྱི་མཐའ་མཚམས”ནས”ལྗང་མདོག་རྩིས་ནུས་ཀྱི་མཐོ་རླབས”སུ་བསྐྱོད་པ་དང་།  “བསྒྲུབ་མི་རུང་བ་བསྐྱུར་ནས་བསྒྲུབ་རུང་བ་བསྒྲུབས་པའི”ཡུན་རིང་ཉམས་མྱོང་བརྒྱུད། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ནུང་ཁུངས་གསར་པ། རྒྱུ་ཆ་གསར་པ་སོགས་ཀྱི་ཁྱབ་ཁོངས་ནས་གྲུབ་འབྲས་གལ་ཆེན་བླངས་ཏེ། མཚོ་སྔོན་གྱིས“ཨང་ཀའི་གཡོར་གྲུ”ཤུགས་ཀྱིས་གཏོང་བར་གྲ་སྒྲིག་ཚགས་ཆུད་པ་བྱས་ཡོད་ལ། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པ་སྐུལ་སློང་བྱས་ཏེ། མཚོ་སྔོན་གྱིས་གཞི་གྲངས་དུབ་རབས་ཀྱི་རླབས་རྒྱུན་ཁྲོད་རང་ཉིད་ཀྱི་མཚར་སྡུག་མངོན་པའི་གོ་སྐབས་དམ་འཛིན་བྱས་པ་དང་། གྲང་ངར་ཆེ་བའི་མཚོ་སྔོན་དེ་འོད་སྟོང་ལྡན་པའི་མཚོ་སྔོན་དུ་འགྱུར་བར་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་ལྟར། སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཅོང་སྒྲ་ལ་ཉན་ནས་ལེའུ་གསར་པ་འབྲི་བ། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། ལྗང་མདོག་རྩིས་ནུས་དེ“གཞི་ཁྱོན་རྒྱ་བསྐྱེད”ནས“སྤུས་གྲངས་གཉིས་ལྡན”ལ་རིམ་འཕར་བྱེད་པར་སྐུལ་འདེད་བྱེད་བཞིན་ཡོད་དེ། འཇོན་མི་དང་གསར་གཏོད་ནུས་པས་མི་འདང་བ་དང་། འགྲན་རྩོད་དང་མཉམ་ལས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྲིད་ཇུས་ཀྱི་འདོན་སྤྲོད་དང་སྒྲིལ་སྲོལ་ནང་རྐྱེན་གྱི་གསར་གཏོད་ལ་ཤུགས་བསྣན་པ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད། གཞི་གྲངས་ཀྱི་རིན་ཐང་སྔོག་འདོན། གཞི་གྲངས་དང་རིག་ནུས་ཀྱི་ཐོན་སྐྱེད་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་རྒྱས་ཀྱི་ནུས་པ་ལ་སྒུལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱིས་གཞི་གྲངས་ཁྱབ་ཁོངས་ཀྱི་འགྲན་ལམ་གསར་པའི་སྟེང་ཧུར་བརྩོན་སྒོས་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་ནས།  གཙང་གསུམ་མགོ་ཁུངས་སུ་ཆེས་ཡིད་དབང་འཕྲོག་པའི་དུས་རབས་ཀྱི་ཞབས་མཆན་འགོད་དགོས། །