རྐང་གྲུག་འགྲན་སྡུར་དང་ལོག་དཀར་མེ་ཏོག་དུས་ཆེན་གྱི་མཛེས་པའི་པར་རིས།
发布时间:2025年07月02日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས།ཚེ་བརྟན་བཀྲ་ཤིས། 
  ཟླ6པའི་ཚེས29ཉིན། "རབ་མཛེས་མཚོ་སྔོན། མགོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་སྐབས་གཉིས་པའི་མཚོ་བྱང་རང་སའི་འགྲན་སྡུར་ཐོག་མ་དེ་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ་རུ་འཚོགས། ད་ཐེངས་ཀྱི་འགྲན་སྡུར་བྱེད་སྒོ་དེ2025ལོའི་མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས26པའི་མུ་འབྲེལ་བྱེད་སྒོ་དང་མཉམ་དུ་སྤེལ་བ་རེད། སྨུག་སྤྲིན་གྱིས་བཟུང་བའི་རི་བོའི་འདབས་དང་དྭངས་ཤིང་གཙང་བའི་ཆུ་བོའི་འགྲམ་དུ་སྤེལ་བའི་ངར་ཤུགས་རྒྱས་པའི་རྐང་གྲུག་འགྲན་སྡུར་གྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་སྤྲོ་སེམས་ལ་རབ་ཏུ་འཕེལ་ཡོད། ལུས་རྩལ་འགྲན་སྡུར་ལ་དགའ་བ་དང་ཡང་ན་རང་བྱུང་མཛེས་ལྗོངས་ལ་དགའ་བ་གང་ཡིན་རུང་ཚང་མས་འཇུ་ལག་ཏུ་རང་ཉིད་ལ་དབང་བའི་དགའ་སྤྲོ་དང་སེམས་ཚོར་རྙེད་ཐུབ་ལ། དབྱར་ཁ་གཅིག་པུར་གནས་པའི་མཛེས་པ་དེ་ཡང་ཉམས་སུ་མྱོང་ཐུབ། དེར་བརྟེན་ང་ཚོས་མཉམ་དུ་པར་ཆས་ཀྱི་འོད་གྲིབ་ལ་བརྟེན་ནས་མི་སེམས་འགུལ་ལ་བརྗེད་པར་དཀའ་བའི་དུས་སྐབས་དེ་དག་ལ་ཕྱིར་དྲན་ཐེངས་གཅིག་བྱེད་པ་དང་། སྐབས་གཅིག་མའི་སྣང་བརྙན་དེ་དག་གི་མཛེས་པས་ལྷག་བསམ་ཟོལ་མེད་ངང་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་ཚང་མ་མཚོ་བྱང་དུ་མགྲོན་བསུ་བྱེད།