མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་ཡིན་པའི་མཚོ་སྔོན་ཡུག་ཁུལ་གྱི་ཚེ་སྲོག་གི་རང་མདངས།
发布时间:2025年07月03日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཕྱི་སྣོད་ཀྱི་སྐྱེ་ཁམས་བཟང་། ནང་བཅུད་ཀྱི་སེམས་ཅན་སྐྱིད།
ལ་སྒང་སྟེང་གི་གནའ་བ།
འཕྱི་བ་ནང་ཚང་གཅིག
ལ་སྒང་ནས་རྒྱང་ལྟ་བྱེད་པའི་གཉན།
གཡང་ལུང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་དམར་ཕྱིའི་པར་ཆས་ནས་བརྒྱབ་པའི་དབྱི་ཡིན་པ།
མུ་མེད་ཐང་གཤོངས་སུ་གནས་བཅའ་བའི་རྩྭ་ཐང་གི་སྤྱང་ཀི
སྡོང་ཕྲན་ནགས་ཚལ་ཁྲོད་ནས་བགྲོད་བཞིན་པའི་ཁ་ཤྭ།
གྲུང་ཤ་དོད་པའི་དགོ་སྐྱ།
ངལ་གསོ་བཞིན་པའི་སྦྲེ།
སྐོར་སྲུང་བྱེད་སྐབས་མཐོང་བའི་རྩྭ་གཡིའི་ཕྲུ་གུ།
ས་མཐོའི་བྲེ་སེར་འབྲོང་།

  མདོ་ལ་རིང་མོ་ནི་མཚོ་བོད་ས་མཐོ་དང་། སོག་ཤིན་ས་མཐོ། ས་སེར་ས་མཐོ་བཅས་འཕྲེད་དུ་བཅད་པའི་རི་རྒྱུད་ཆེན་པོ་ཞིག་ཡིན་པ་དང་། མཚོ་སྔོན་མངའ་ཁོངས་སུ་ཆེས་བརྗིད་ཆགས་ཡིད་དུ་འོང་བའི་རྣམ་པ་མངོན་བཞིན་གནས། དེ་ག་ནི་དམིགས་བསལ་ཁོར་ཡུག་འོག་བག་ཕེབས་ངང་འཚོ་བཞིན་པའི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་ཁུམས། ས་ཁོངས་དེར་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་མུ་མེད་རྩྭ་ཐང་དུ་ཅི་དགར་རྒྱུག་པའི་དགོ་སྐྱ་ཡིན་སྲིད། གནའ་བ་ནི་བྲག་རི་འཛེག་པར་མཁས་ཤིང་སྤུ་ཡི་ཁ་མདོག་ཀྱང་བྲག་རི་དང་ཧ་ཅང་མཚུངས། མདོ་ལ་རིང་མོའི་ཡིབ་མཁས་ཤོས་ཀྱི་སྲོག་ཆགས་ནི་གསའ་ཡིན་པ་སྨོས་མེད་རེད། སྐད་གྲགས་ཆེ་བའི་སྲོག་ཆགས་ཕུད། བདེ་ལྕག་འཁྱུག་པའི་སྦྲེ་ཡིས་མུ་མེད་རྩྭ་ཐང་དུ་ཅི་དགར་རྒྱུག་བཞིན་ཨ་བྲ་དང་རི་བོང་ཟས་སུ་བསྟེན་པ་དང་། སྤྱང་གྲུང་དོད་པའི་འཕྱི་བ་ཁུང་བུའི་འགྲམ་དུ་ཀྲོང་ངེར་ལངས་ནས་སྐད་སྒྲ་སྒྲོག ད་དུང་འཇབ་རྒོལ་ལ་ཤིན་ཏུ་མཁས་པའི་རྩྭ་གཡི་སོགས། དམིགས་བསལ་གྱི་ཁོར་ཡུག་དེ་འདྲའི་འོག་ཚེ་སྲོག་དེ་དག་ལ་རང་ཉིད་ཀྱི་འཚོ་གནས་བྱེད་ཐབས་རེ་རྙེད་ཡོད་ཅིང་། ཁོ་ཚོ་ནི་གངས་ལྗོངས་ས་མཐོའི་བདག་པོ་ངོ་མ་རེད། ཁོ་ཚོའི་དབུགས་ལམ་དང་རྐང་རྗེས་རེ་རེ་ལས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྙན་འཇེབས་ལྡན་ཞིང་། མི་སེམས་འགུལ་བའི་ཚེ་སྲོག་གི་ལེའུ་མཉམ་དུ་རྩོམ་བཞིན་མཆིས།