རྩྭ་ཐང་གི་འབྲོག་པས་རུ་སྤོ་བ།
发布时间:2025年07月08日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


图片ཟླ6པའི་ཚེས25ཉིན་གྱི་ཞོགས་པར། བན་སྒྲོལ་གྱིས་ལུག་དེད་དེ་རུ་སྤོ་བཞིན་པ། ཀྲང་ལུང་གིས་པར་བླངས། 

དབྱར་གཞུང་གི་དུས་སུ། མདོ་ལ་རྩྭ་ཐང་ནི་གོས་ལྗང་ཐང་ལ་བཏིངས་པ་བཞིན་མཛེས་ཤིང་ལྟ་ན་སྡུག་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་དུ། འབྲོག་པ་རྣམས་ཀྱིས་རིམ་པ་བཞིན་ཕྱུགས་ཟོག་དེད་དེ་དགུན་ས་ནས་ལམ་ལ་ཆས་ཤིང་། སྤྱི་ལེ་བརྒྱ་ཕྲག་གི་རྐང་ལམ་བརྒྱུད་དེ། རི་ཆུ་མང་པོ་བརྒལ་ཞིང་ཚ་ཕོག་དུ་མ་བརྒྱབ་རྗེས། མཐར་མཚོ་འཕགས་ལ་སྨི3700ལྷག་ཡོད་པའི་དབྱར་ས་རུ་འབྱོར་ཏེ་མཚེར་ཇ་བསྐོལ་ནས། ཉིན40ལྷག་གི་དབྱར་སའི་འཚོ་བ་མགོ་རྩོམ་བཞིན་ཡོད། 

མདོ་ལ་རྫོང་མུ་རི་གྲོང་རྡལ་ཚེར་ཐུ་སྡེ་བའི་ལོ61ཅན་གྱི་འབྲོག་པ་བན་སྒྲོལ་ནི་ཐེངས་འདིའི་རུ་སྤོའི་ཁྲོད་ཀྱི་མི་སྣ་ཞིག་ཡིན་ལ། ད་ལོའི་དབྱར་ཁར། ཁོ་དང་ཚ་བོ་བྱམས་པ་རྒྱ་མཚོ་གཉིས་ཀྱིས་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་རུ་བ་ཡོངས་སུ་སྤོས་ཚར་བར་བྱས། ཉིན་དང་པོའི་ཐོ་རེངས་ཆུ་ཚོད་ལྔ་པ་ལ། ཁོ་གཉིས་ཀྱིས་ནོར60དང་ལུག300དེད་དེ་ལམ་ལ་ཆས་པ་དང་། ལ་ལུང་མང་པོ་བརྒལ་ནས་སྤྱི་ལེ40ཡི་མཚམས་ལ་སླེབ་སྐབས་ཞག་འདུག་བྱས། ཕྱི་ཉིན་ཐོ་རེངས་ལ་ཡང་བསྐྱར་ལམ་དུ་ཆས་ཏེ་སོང་ཚར་མེད་པའི་འགྲུལ་བཞུད་དེ་འགྲུབ་པར་བྱས་ཤིང་། དམིགས་ས་རུ་འབྱོར་ཏེ་དབྱར་སའི་འཚོ་བ་མགོ་བརྩམས་པ་རེད། 

དུས་རབས་ཕྱེད་ཀའི་རིང་ལ་འབྲོག་པའི་འཚོ་བ་བརྒྱུད་མཐར། ལོ་རྒན་དྲུག་ཅུའི་ཁུར་གྱིས་ལྕི་བའི་རྒན་པོ་བན་སྒྲོལ་ལ་ད་དུང་སྤྲོ་སྣང་གིས་ཁེངས་འདུག་ཅིང་། ལོ་རེའི་དབྱར་ཁར་རྩྭ་ཐང་དུ་ལོག་སྐབས། ཁོ་ལ་རང་དབང་གི་སྣང་བ་བླ་ལྷག་ཅིག་སྐྱེ་བཞིན་ཡོད། ལོ50ཡི་རིང་གི་རུ་སྤོ་སྐྱས་འདེགས་ཀྱི་ལམ་བུར་ཕྱིར་མིག་ཅིག་བལྟས་ན། ཁོས་མདོ་ལ་རིང་མོའི་སའི་ལྟོ་བ་རུ་ཆགས་པའི་འབྲོག་ས་འདིའི་སྤྱི་པའི་སྒྲིག་བཀོད་ཉིན་རེ་བཞིན་ཇེ་ལེགས་དང་འབྲོག་པའི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན་པ་ལ་དཔང་པོ་བྱས་ཡོད། དེང་གི་དུས་སུ། འཕྲུལ་ཆས་ཅན་གྱི་རུ་སྤོ་སྟངས་ཉིན་རེ་ནས་ཉིན་རེར་དར་ཁྱབ་འབྱུང་བཞིན་ཡོད་ལ། རྫ་གསེང་རི་གསེང་གི་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་ཀྱང་ཧ་ཅང་སྟབས་བདེར་གྱུར་ཡོད་པས། མདོ་ལ་རྩྭ་ཐང་དུ་ཁལ་མར་བརྟེན་ནས་རུ་བ་སྤོ་བའི་རྣམ་པ་མཐོང་རྒྱུ་མེད་པ་རེད། 

མ་འོངས་པའི་ཉིན40ལྷག་གི་ནང་དུ། བན་སྒྲོལ་དང་འདྲ་བའི་འབྲོག་པ་སྟོང་ཕྲག་དུ་མས་རྩྭ་ཐང་གི་ཟབ་སར་ཕྱུགས་འཚོ་དགོས་ཤིང་། ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་སྐབས། ཁོ་ཚོ་ཡང་བསྐྱར་རུ་སྤོའི་ལམ་དུ་ཞུགས་ཏེ། ལུག་ཁྱུ་དེད་ནས་དགུན་མཚེར་དུ་ལོག་དགོས་པ་རེད། མུ་མཐའ་བྲལ་བའི་མདོ་ལ་རིང་མོར་མཚོན་ན། འདི་ནི་དུས་ཚིགས་རང་བཞིན་གྱི་གནས་སྤོ་ཁོ་ན་ཙམ་མ་ཡིན་པར། རྩྭ་ཐང་གིས་ངལ་གསོ་བ་དང་སྐྱེ་ཁམས་སླར་གསོ་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་ཡིན།  

图片ཟླ6པའི་ཚེས25ཉིན་གྱི་ཞོགས་པར། བན་སྒྲོལ(གཡོན)དང་བྱམས་པ་རྒྱ་མཚོ་གཉིས་ཀྱིས་ཚ་ཕོག་རྒྱག་ས་རུ་ནོར་འདོག་བཞིན་པ། ཆི་ཀྲི་ཡུའེ་ཡིས་པར་བླངས། 

图片

ཟླ6པའི་ཚེས25ཉིན་གྱི་ཞོགས་པར། བན་སྒྲོལ་རུ་སྤོ་བའི་ལམ་དུ་ཡོད་པ། ཀྲང་ལུང་གིས་པར་བླངས། 

图片ཟླ6པའི་ཚེས25ཉིན་གྱི་ཞོགས་པར། བན་སྒྲོལ་གྱིས་ལུག་ཁྱུ་དེད་དེ་རུ་སྤོ་བཞིན་པ། ཀྲང་ལུང་གིས་པར་བླངས། 

图片ཟླ6པའི་ཚེས25ཉིན་གྱི་ཞོགས་པར། བན་སྒྲོལ་དང་བྱམས་པ་རྒྱ་མཚོ་གཉིས་ཀྱིས་ནོར་ལུག་དེད་དེ་རུ་སྤོ་བཞིན་པ། ཀྲང་ལུང་གིས་པར་བླངས།

图片ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོར། བྱམས་པ་རྒྱ་མཚོ(གཡས)དང་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱིས་ཚ་ཕོག་རྒྱག་ས་རུ་རས་གུར་ཕུབ་བཞིན་པ། ཀྲང་ལུང་གིས་པར་བླངས།

图片ཟླ6པའི་ཚེས25ཡི་ཉིན་གུང་། བན་སྒྲོལ་དང་ཁོའི་མག་པ་བཀྲ་ཤིས་རྒྱ་མཚོ་གཉིས་ཀྱིས་ལུས་ཟུངས་ཞན་པའི་ལུ་གུ་རླངས་འཁོར་དུ་འཇོག་བཞིན་པ། ཀྲང་ལུང་གིས་པར་བླངས། 

图片ཟླ6པའི་ཚེས25ཉིན་གྱི་ཕྱིར་དྲོར། བན་སྒྲོལ་དང་བྱམས་པ་རྒྱ་མཚོ་གཉིས་ཀྱིས་རས་གུར་ནང་དུ་དགོང་ཇ་འཐུང་བཞིན་པ། ཀྲང་ལུང་གིས་པར་བླངས།

图片ཟླ6པའི་ཚེས25ཡི་མཚན་མོར། བྱམས་པ་རྒྱ་མཚོས་རས་གུར་ནང་དུ་གློག་སྒྲོན་འགེལ་བཞིན་པ། ཀྲང་ལུང་གིས་པར་བླངས། 

图片ཟླ6པའི་ཚེས25ཡི་མཚན་མོར། བྱམས་པ་རྒྱ་མཚོས་རས་གུར་ནང་དུ་ངལ་གསོ་བཞིན་པ། ཀྲང་ལུང་གིས་པར་བླངས།