མཛེས་ཤིང་ལྟ་ན་སྡུག་པའི་མདོ་ལ་རིང་མོའི་འདབས་ཀྱི་མཛེས་ལྗོངས།
发布时间:2025年07月15日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བས། སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། པར་ལེན་མཁན་གྱི་བརྙན་མིག་ལས་མངོན་པའི་གནས་དེའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་སྟེ། མདོ་ལ་རིང་མོའི་རི་རྒྱུད་ལ་སྤྲིན་དཀར་གྱི་ཡོལ་བ་འཐེན་པ་དང་། ཨ་མྱེས་སྟོང་སོས་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་དབུ་རྩེ་མཁའ་ལ་ཟུག་ཡོད། རྫ་རི་དང་སྤང་རིའི་མཚམས་ན་གནའ་བ་གར་དུ་རྩེན་ཞིང་། ནེའུ་གསིང་སྔོན་མོའི་གཞི་རུ་ཤྭ་བ་བག་ཕེབས་ངང་རྒྱུ་བ་དང་། བྱ་ལོང་ལྟག་ཁྲ་སོགས་བྱ་རིགས་དག་གཅིག་རྗེས་གཉིས་མཐུད་ངང་འཕུར་ཡོང་ནས་གནས་དེའི་རྒྱུན་ཕེབས་མགྲོན་པོ་རུ་གྱུར་ཡོད། མདོ་ལ་རིང་མོའི་རི་རྒྱུད་དང་། གསེར་འོད་ལམ་ལམ་འཕྲོ་བའི་ཡུངས་དཀར་མེ་ཏོག་གི་ཞིང་ཚིགས་ཀྱིས་སྐྱེ་ཁམས་ཀྱི་མཛེས་རིས་ངང་གིས་གྲུབ་ཡོད། མདོར་ན། མདོ་ལ་རིང་མོའི་རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས་དང་རང་དབང་གིས་རྒྱུ་བའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ལེགས་པར་མཚོན་ཡོད། །

图片