སྣང་ཡུལ་ཀུན་ལ་གསེར་ཚོན་བྱུགས་འདྲའི་མདངས་ཀྱིས་གཡོགས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པར། མཐོ་སྒང་གི་ཡུལ་གྲུ་མང་པོ་ལོག་དཀར་མེ་ཏོག་རྣམ་པར་བཞད་པའི་དུས་སུ་སླེབས་པ་དང་། སྣང་ཡུལ་ཀུན་ལ་གསེར་ཚོན་བྱུགས་འདྲའི་མདངས་ཀྱིས་གཡོགས། རི་མོར་བྲིས་འདྲའི་མཛེས་ལྗོངས་དེས་ཕྱོགས་ཀྱི་མགྲོན་པོ་མང་པོ་བཀུག་པར་མ་ཟད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་སྦྲང་མ་གསོ་མཁན་རྣམས་ཀྱང་བཀུག་ཡོད་དེ། ཁོ་ཚོ་སྐབས་རེར་ལོག་དཀར་གྱི་ཞིང་བར་དུ་བྲེལ་ཞིང་། སྐབས་རེར་ཁོ་ཚོས་ཟེའུ་རྡུལ་བསྡུ་བར་བློ་རྩེ་སྒྲིམ། ད་དུང་སྦྲང་ཚང་ལ་གད་བདར་བྱེད་པ་དང་སྦྲང་རྩི་ལེན་པ་སོགས་ཀྱང་བྱེད། དུས་མཚུངས་སུ། གནས་དེ་དག་ནི་ཞིབ་འཇུག་དང་སློབ་གསོའི་རང་བྱུང་གི་སློབ་ཐུན་དུའང་གྱུར་ཡོད་དེ། བྱིས་པ་རྣམས་ཀྱིས་དེ་གར་རང་བྱུང་གི་ཉམས་སྣང་ལ་རོལ་མྱོང་བྱེད་ཆོག་ལ། སྦྲང་མ་གསོ་མཁན་དང་མཉམ་དུ“མངར་མོ་སྦྲང་རྩི་ལེན་པའི་ལས་དོན”ཡང་གཉེར་ཆོག་པ་ཡིན།
མངར་མོ་སྦྲང་རྩི་ལེན་སའི་སྦྲང་ཚང་།
གསེར་གྱི་ཟེའུ་རྡུལ་བྱོ་བ།
རང་བྱུང་སློབ་གསོ་མྱོང་བའི་ཞིམ་མངར་གྱི་འགྲུལ་བཞུད།