མཐོ་སྒང་སློབ་བུའི་འདུན་མ་མངོན་འགྱུར་འབྱུང་བར་རོགས་འདེགས་བྱས་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཏོའུ་སུང་ཕུའུ་ཡིས་དབྱིན་ཡིག་སློབ་ཁྲིད་སྟེང་ནས་སྤྲོ་སྣང་ལྡན་པའི་བྱ་འགུལ་སྤེལ་བ།
ཟླ6པའི་ཚེས20ཉིན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དབྱིན་ཡིག་དགེ་རྒན་ཏོའུ་སུང་ཕུའུ་ཡིས་རྨ་ལྷོ་ཁུལ་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ་དང་པོའི་སློབ་མར་ཐ་སྙད་ཉན་འབྲི་བྱས་ཤིང་། སློབ་མའི་ཨ་ལན་ཡག་པོ་སྤྲད་པ་མཐོང་བས་དགའ་སྤྲོ་ཆེན་པོ་སྐྱེས།

ཐེན་ཅིན་གྱིས་རོགས་སྐྲུན་བྱས་པའི་ཀླེ་གཞུག་སྡེ་བའི་མཛེས་ཉམས།
མཚོ་སྔོན་ལ་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། ཐེན་ཅིན་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་རོགས་སྐྱོར་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་ཏེ།བསྡོམས་པས་ཕུལ་བྱུང་དགེ་རྒན165སྐོར་བརྒྱད་དུ་བགོས་ཏེ་རྨ་ལྷོ་ཁུལ་དུ་མངགས་པ་དང་། “ཚོགས་པས་ཚོགས་པ་ཁྲིད་པ་དང་། དགེ་རྒན་གྲགས་ཅན་གྱིས་རྐང་འཛིན་པ་ཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ལངས་གཟུགས་ཅན་གྱི་རོགས་སྐྱོར་མ་ལག་བཙུགས་པ་བརྒྱུད། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གནད་ལ་འཁེལ་བའི་ངང་གནས་དེར་བསྐྱལ།