མྱ་ངན་ཐང་དུ་འཚར་ལོངས་བྱུང་བའི་ཚྭ་མཚོའི་གྲོང་ཁྱེར་ཏེ་མཚོ་སྔོན་ན་གོར་མོ།
发布时间:2025年08月07日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཚྭ་འདམ་གཞོང་སར་ཆགས་པའི་མཚོ་སྔོན་གྱི་གྲོང་ཁྱེར་ཏེ་ན་གོར་མོ་ནི་ཚྭ་མཚོར་བརྟེན་ནས་དར་རྒྱས་བྱུང་བའི་གྲོང་ཁྱེར་ཞིག་ཡིན།

རྒྱང་རིང་དུ་དཀར་སེང་ངེར་ཡོད་པའི་ཚྭ་ཐང་ལ་མཛུབ་མོས་གེར་བཞིན། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་སུན་ལུང་གིས་ཚྭ་ཨེར་ཧན་ཚྭ་མཚོའི་བྱུང་རབས་མཚམས་སྦྱོར་བྱས། ལོ་ངོ་དུང་ཕྱུར་ལྷག་གི་ས་གཤིས་འགུལ་སྐྱོད་ལ་བརྟེན་ནས། མཐའ་ཡས་པའི་རྒྱ་མཚོ་ཆེན་མོ་དེ་གཤོང་སར་གྱུར་ཞིང་། ཉི་འོད་འོག་མཚོ་ཆུ་རིམ་བཞིན་རླངས་པར་གྱུར་རྗེས་ཕུན་སུམ་ཚོགས་པའི་ཚྭ་རིགས་ཆགས་ལ། འདི་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཚྭ་མཚོ་གཉིས་པ་དེ་ཡིན་ཟེར།

མཚེའུ་ཡངས་ཤིང་འཇགས་ལ། ཚྭ་སྔོག་གྲུ་གཟིངས་དེ་མཚེའུ་སྟེང་དལ་གྱིས་བསྐྱོད་བཞིན་ཡོད། ད་ལྟའི་ཚྭ་ཨེར་ཧན་ཚྭ་མཚོ་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཅ་ལུད་ཐོན་སྐྱེད་རྟེན་གཞི་ར་གྱུར་ཡོད། ཚྭ་ཨེར་ཧན་ཚྭ་མཚོ་ནས་ལྷོ་ཕྱོགས་སུ་བསྐྱོད་ཚེ། ཆུ་ཚོད་གཅིག་ཙམ་གྱི་ལམ་ཐག་དུ་ན་གོར་མོ་གྲོང་ཁྱེར་ཡོད།

ན་གོར་མོར་ཅི་ཡང་མེད་མོད། ཚྭ་ནི་ཕུན་སུམ་ཚོགས་པོ་ཡོད་ཅེས་ན་གོར་མོར་ལོ་ངོ50ལྷག་ལ་འཚོ་སྡོད་བྱས་པའི་ཀྲའོ་ཅུན་གྱིས་བཤད་པ་དང་། སྡོད་དམངས་མང་ཆེ་བ་ནི་སྔོན་ཆད་ཚྭ་མཚོ་སྔོག་འདོན་བྱེད་པར་ཡོང་བའི་མི་ཡིན་ཟེར།

མྱ་ངན་ཐང་གི་དཀྱིལ་དབུས་སུ་གནས་པའི་དབང་གིས་ན་གོར་མོ་ལོ་རེར་བྱེ་རླུང་མང་བ་ཡིན། ས་གནས་དེ་གའི་ཤུགས་ཆེན་པོ་བཏོན་ནས་གྲོང་ཁྱེར་དུ་ཆུ་འདྲེན་བྱས་ཏེ། གྲོང་ཁུལ་གྱི་གཞུང་ལམ་ཚང་མར་ཆུ་ཡུར་བསྐྲུན་ཡོད། ན་གོར་མོ་ཆུ་བོ་དལ་གྱིས་བཞུར་བཞིན་གྲོང་ཁྱེར་འདིའི་སྐྱེ་དངོས་ཡོད་ཚད་ལ་གསོན་ཤུགས་བསྩལ་ཡོད། 

ན་གོར་མོའི་སྲང་ལམ་ཆེ་རྒྱུ་མེད་ལ། འཛུགས་སྐྲུན་ཡང་དེ་ཙམ་གཅིག་སྡུད་མེད། ཐོག་བརྩེགས་མཐོ་བའི་འཛུགས་སྐྲུན་ཉུང་ཤས་ནི་ཁོད་ཡངས་པའི་མྱ་ངན་ཐང་དུ་ཧ་ཅང་མངོན་གསལ་ཡིན། ས་གནས་དེ་གའི་མི་རྣམས་ཀྱིས་བཤད་རྒྱུར། ན་གོར་མོའི་བྱེ་རླུང་ཆེ་ལ་ས་རྒྱ་ཡང་ཆེ་བས། བྱེ་རླུང་གི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། འཛུགས་སྐྲུན་མང་ཆེ་བ་ཐོག་བརྩེགས་དྲུག་ལས་མི་བརྒལ་ཟེར།

གནམ་གཤིས་དྭངས་པའི་དུས་སུ། ན་གོར་མོ་གྲོང་ཁུལ་ནས་ཁུ་ནུ་རི་རྒྱུད་གསལ་བོར་མཐོང་ཐུབ། 

རྒྱལ་ལམ109ཡི་གཞུང་ལམ་འགྲམ་གཉིས་ནི་མྱ་ངན་ཐང་ཡིན་པས། ཁུ་ནུ་རི་བོའི་ཉག་ག་བརྒལ་ཚེ། ད་གཟོད་ལྗང་མདོག་མཐོང་ཐུབ། ཁུ་ནུ་རི་བོའི་རི་རྩེར་ལོ་རེར་ཁ་བས་གཡོགས་ཡོད་པ་དང་། ཉི་ཟེར་འོག་སྔར་བས་བརྗིད་ཉམས་ལྡན་པ་ཞིག་ཡིན། 

ན་གོར་མོའི་ཤར་རྒྱུད་དུ། འོད་ཤུགས་དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར་གྲལ་བསྟར་བསྒྲིགས་ཡོད། མྱ་ངན་ཐང་གི་རླུང་གིས་བྱེ་མ་གང་སར་འཁུར་ནས་ཡོང་ཞིང་། བྱེ་ཐང་ཆེན་པོ་དེ་ནི་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བའི“གནས་མཆོག”ཏུ་གྱུར་ཡོད། ཉི་འོད་དང་བྱེ་ཐང་འོག སའེ་པོ་ཕང་ཁེའི་ཚན་རྩལ་མཛེས་ལྗོངས་དེ་ན་གོར་མོའི“མིང་བྱང”གསར་པ་ཞིག་ཏུ་གྱུར་ཡོད། 

ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་མཐུད་བྱེད་སའི་ལྟེ་བ་ཞིག་ཡིན་པའི་ངོས་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་ན་གོར་མོར་འདུས་པ་དང་། རིག་གནས་སྣ་མང་དང་ཕུན་སུམ་ཚོགས་པའི་ཞིམ་ཟས་ཀྱང་སྣ་མང་འཁྱེར་ཡོང་ཡོད། བྱང་ཤར་གྱི་བཙོས་ཤ་དང་ཡང་ན་བྲོ་བ་ཞིམ་པའི་ཀོང་ཏུང་གི་ཁུ་བ་གང་ཡིན་རུང་། ན་གོར་མོ་ནས་ལོངས་སྤྱོད་བྱེད་ཐུབ། 

ས་སྲོད་ཀྱི་ན་གོར་མོ་གྲོང་ཁུལ་དུ། མི་རྣམས་སྲོལ་རྒྱུན་གྱི“སྐམ་སའི་གྲུ་ཁའི”མཚན་མོའི་ཚོང་རར་འཛོམས་ཤིང་། ལུག་ཤ་བསྲེགས་པའི་ཚྭའི་དྲི་ཞིམ་དང་ཤིང་ཏོག་གི་དྲི་ཞིམ་གཅིག་ཏུ་འདྲེས་ལ། ཡུལ་སྐོར་བ་རྣམས་ཀྱིས་ཡིད་འོང་གི་ས་སྲོད་ཀྱི་རྣམ་པ་དེ་པར་དུ་ལེན་བཞིན་ཡོད། གཞན་ཡང་སྙན་ངག་པའི་སྨྱུག་རྩེ་འོག་གི་ན་གོར་མོ་ནི། རི་བོ་ཞིག་དང་མཚེའུ་ཅིག་གི་བར་གསེང་དུ། ཉི་འོད་ཀྱི་ཁྲུས་ལ་རོལ་བཞིན་སྐྱེ་སྟོབས་ཀྱི་དཔལ་ཀུན་ནས་རྒྱས་ཡོད། །