ལྷ་སའི་སྐྱིད་ཆུ་སྟེང་གི་ཟམ་ཆེན།
发布时间:2025年08月08日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

འདི་ནི་ཟླ7པའི་ཚེས30ཉིན་པར་བླངས་པའི་ལྷ་སའི་སྐྱིད་ཆུ་སྟེང་གི་ཟམ་ཆེན་རེ་རེའི་ཡུལ་ལྗོངས་ཡིན།

1965ལོའི་ཟླ8པའི་ཚེས25ཉིན། ལྷ་སའི་སྐྱིད་ཆུ་སྟེང་གི་ཟམ་ཆེན་དང་པོ་སྟེ་ལྷ་སའི་ཟམ་ཆེན་དངོས་སུ་ཤར་གཏོང་བྱས་ཏེ། ས་གནས་མང་ཚོགས་ཀྱིས་གོ་གྲུར་བརྟེན་ནས་སྐྱིད་ཆུ་བརྒལ་བའི་ལོ་རྒྱུས་མཇུག་སྒྲིལ། ད་ལྟ་ལྷ་ས་གྲོང་ཁྱེར་ཁོ་ན་རུ་ལིའུ་ཏུང་ཟམ་ཆེན་དང་མཚོ་བོད་ལྕགས་ལམ་ལྷ་སའི་སྐྱིད་ཆུ་ཟམ་ཆེན། ཧི་མའེ་ཟམ་ཆེན། ལིའུ་ཝུའུ་ཟམ་ཆེན། སེམས་སྦྲེལ་ཟམ་ཆེན། བག་བསུ་ཟམ་ཆེན། ལྷ་སའི་ཟམ་ཆེན། གཙང་ར་ཟམ་ཆེན། ན་ཆེན་ཟམ་ཆེན་སོགས་སྐྱིད་ཆུ་བརྒལ་བའི་ཟམ་ཆེན་མང་པོ་ཡོད། ལྷ་སའི་སྐྱིད་ཆུ་སྟེང་གི་ཟམ་ཆེན་དེ་དག་གིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་བཟོས་པ་མ་ཟད་གྲོང་ཁྱེར་གྱི་ཡུལ་ལྗོངས་ལ་མཛེས་སྤྲས་བྱས་ཤིང་། བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ཉིན་བཞིན་འཕེལ་རྒྱས་སོང་བའི་བསྡུས་རིས་ཡིན། །

འདི་ནི་ཟླ7པའི་ཚེས30ཉིན་པར་བླངས་པའི་ལྷ་སའི་སྐྱིད་ཆུ་སྟེང་གི་ཟམ་ཆེན་གྱི་མཚན་ལྗོངས་ཡིན།

འདི་ནི་ཟླ8པའི་ཚེས1ཉིན་པར་བླངས་པའི་གཙང་ར་ཟམ་ཆེན་དང་ལྷ་སའི་ཟམ་ཆེན་ཡིན།