སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་ལ་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལེགས་འགྲུབ་བྱུང་བ།
发布时间:2025年08月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ8པའི་ཚེས11ཉིན། རང་བྱུང་ཐོན་ཁུངས་པུའུ་ཡིས་རང་རྒྱལ་གྱིས་ཐོག་མར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་ལྔ་ཚང་མར་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལེགས་འགྲུབ་བྱུང་བ་ཁྱབ་བསྒྲགས་བྱས།

དོམ་ཁྲ་དང་བྱང་ཤར་སྟག་གཟིག ཧའེ་ནན་ཚ་ཁུལ་ཆར་ནགས། ཝུའུ་དབྱི་རི་བོ། གཙང་གསུམ་འབྱུང་ཡུལ་བཅས་རྒྱལ་ཁབ་སྤྱི་གླིང་ལྔ་ཚང་མར"ཁྱིམ་ཐོ"ཡོད་པར་གྱུར། 

རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རང་བྱུང་སྐྱེ་ཁམས་མ་ལག་ཅིག་ཡིན་ལ། སྲུང་སྐྱོང་ཁྱབ་ཁོངས་ཆེ་ཞིང་སྐྱེ་ཁམས་བརྒྱུད་རིམ་ཆ་ཚང་ཡིན་ཞིང་། རང་རྒྱལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་ཁྲོད་ཀྱི་ཆེས་གལ་ཆེ་བ་དང་རང་བྱུང་ཡུལ་ལྗོངས་ཆེས་དམིགས་བསལ་ཡིན་པ། རང་བྱུང་ཤུལ་བཞག་ཆེས་ཉིང་བཅུད་ཡིན་པ། སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ཆ་ཤས་ཤིག་ཡིན། རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་བྱ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། 

དམངས་དོན་ཁྲིམས་གཞུང་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་བྱེད་པ་བརྒྱུད། རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་ཐོག་གནད་ལ་འཁེལ་བའི་སྒོ་ནས་དངོས་འབེབས་བྱེད་པ་དང་། དེའི་ནང་གི་རང་བྱུང་ཐོན་ཁུངས་རིགས་སོ་སོའི་རྒྱུ་ནོར་གྱི་བདག་དབང་གཙོ་གཞི་གསལ་པོ་ཁྱབ་བསྒྲགས་བྱེད་པ་དང་། རིམ་པ་མི་འདྲ་བའི་སྲིད་གཞུང་གི་དབང་ཆ་ལག་བསྟར་བྱེད་པའི་ཞིབ་ཕྲའི་ཁྱབ་ཁོངས་གསལ་པོར་གཏན་འཁེལ་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དང་ལྟ་སྐུལ་དོ་དམ་བྱེད་མཁན་དང་དེའི་འགན་འཁྲི་གསལ་པོར་བཟོས་ཚེ། རྒྱལ་ཁབ་སྤྱི་གླིང་གི་བདག་དབང་དོ་དམ་ལ་འདེགས་སྐྱོར་བྱེད་ཐུབ། 

图片