སྟོང་དཔོན་གཞིས་ཀའི་དྲན་གསོ་ཁང་གི་དབུ་འབྱེད་མཛད་སྒོ་དང་ཞིང་གྲོང་ཡུལ་སྐོར་སྐུལ་སྤེལ་ཚོགས་འདུ་བསྡུས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་རའི་སྟོང་དཔོན་གཞིས་ཀའི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེས། འདིས་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་མཚོན་ཡོད། སྣང་རའི་སྟོང་དཔོན་གཞིས་ཀ་ནི་གཅན་ཚ་ཞི་བདེའི་ངང་བཅིངས་འགྲོལ་བྱས་པའི་བདེན་དཔང་ཡིན་ལ། ལོ་རྒྱུས་ཀྱི་དོན་སྙིང་དང་མི་རིགས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན། གཞིས་ཀ་འདི་ནི་ཆིང་རྒྱལ་རབས་སྐབས་སུ་བསྐྲུན་པ་དང་། 1941ལོར་བསྐྱར་སྐྲུན་བྱས། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4600ཙམ་ཡོད་པ་དང་། ཁང་པ་གྱན97ལས་གྲུབ་པ་དེ་ར་སྐོར་གཉིས་དང་ཐོག་བརྩེགས་གཉིས་ཅན་གྱི་གཞིས་ཀ་ཞིག་ཡིན་ཞིང་། རྒྱ་བོད་བཟོ་སྐྲུན་མཉམ་འདྲེས་བྱས་པའི་མི་རིགས་རིག་གནས་ཀྱི་རྟེན་མཛོད་གླིང་དུ་གྱུར་ཡོད།