རེབ་གོང་ཐང་གའི་སྒྱུ་རྩལ་མཁར་གྲོང་དུ་རིག་གནས་དང་འཚོ་བའི་ཉམས་ལ་མྱོང་ཚོར་བྱེད་པ།
发布时间:2025年08月18日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཉེ་ཆར་རེབ་གོང་སྒྱུ་རྩལ་རིག་དངོས་ཁྱམས་རིང་གི་དབྱར་དུས་རྩེད་གསར་ཚོང་འདུས་དེ་ཐུན་རིན་གྲོང་ཁྱེར་རེབ་གོང་ཐང་གའི་སྒྱུ་རྩལ་མཁར་གྲོང་དུ་མགོ་བརྩམས་ཤིང་། དེའི་དམིགས་ཡུལ་ནི་རྟེན་མཛོད་ཁང་སྒྱུ་རྩལ་རིག་དངོས་ཁྱམས་རིང་ལྟེ་བར་བྱས་ཏེ། ཐང་ཚོང་ཚོང་འདུས་དཔལ་འབྱོར་དེ་མཐའ་འཁོར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་བཟོ་ཁང་དང་། དམངས་སྲོལ་གྲོང་སྡེ། སྐྱེ་ཁམས་ལྗོངས་ཁུལ་བཅས་དང་འབྲེལ་ནས། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཁུལ་ཆགས་སུ་བཅུག་སྟེ། མི་སྔར་ལས་མང་པོར་རེབ་གོང་གི་རིག་གནས་དང་འཚོ་བར་ཉམས་ལེན་གྱི་གནས་རྟགས་གསར་པ་ཁྱོན་ཡོངས་ནས་གསར་གཏོད་བྱ་རྒྱུ་དང་། ཚོང་འདུས་སུ"གཟུགས་འདས་རིག་གནས་ཤུལ་བཞག+རིག་གནས་གསར་གཏོད+ཞིབ་འཇུག་སློབ་སྦྱོང+གྲངས་འཛིན"གྱི་ལས་རྣམ་གསར་པ་སྐོར་ཞིག་གསོ་སྐྱོང་བྱས་ཏེ། རེབ་གོང་སྒྱུ་རྩལ་དེ"ལག་རྩལ་རྒྱུན་འཛིན"ནས"ཟོང་རྟགས་ཅན་དང་ཁྲོམ་ར་ཅན"དུ་རིམ་པ་སྤར་བར་སྐུལ་འདེད་བཏང་ནས། གཟུགས་འདས་རིག་གནས་ཤུལ་བཞག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱ་རྒྱུ་དང་། ཚོང་འདུས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རེབ་གོང་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། རེབ་གོང་གི"མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཡུལ་སྐོར་སྐོར་ལམ"ཁྲོད་ཀྱི་དབྱེ་འབྱེད་བྱེད་ཚད་དང་འགུགས་ནུས་སྔར་ལས་ཇེ་ཆེར་བཏང་སྟེ། ཐུན་རིན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྣང་བརྙན་གསར་པ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱ་རྒྱུ་རེད། །

པར་འདི་ནི་ཚོང་འདུས་སྟེང་འཆམ་འཆམ་དུ་འགྲོ་བའི་མང་ཚོགས་རེད།

པར་འདི་ནི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་རིག་གནས་གསར་གཏོད་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་མཚན་ཁྲོམ་སྟེང་གི་ཁྱད་ལྡན་ཟས་མཆོག་རེད།

པར་འདི་ནི་མཚན་ཁྲོམ་སྟེང་གི་ཁྱད་ལྡན་ཟས་མཆོག་རེད།

པར་འདི་ནི་མང་ཚོགས་རྣམས་ཀྱིས་པར་བླངས་བརྩམས་ཆོས་ལ་ལྟ་བཞིན་པའི་ཚུལ་ཡིན།

པར་འདི་ནི་བྱིས་པ་རྣམས་ཀྱིས་མཉམ་པར་རྒྱག་བཞིན་པའི་ཚུལ་རེད།

པར་འདི་ནི་མང་ཚོགས་ཀྱིས་རིག་གནས་གསར་གཏོད་ཐོན་རྫས་ལ་ལྟ་བཞིན་པའི་ཚུལ་རེད།

པར་འདི་ནི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་གླུ་གར་འཁྲབ་སྟོན་རེད།

པར་འདི་ནི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་གླུ་གར་འཁྲབ་སྟོན་རེད།

པར་འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རེབ་གོང་ཐང་གའི་སྒྱུ་རྩལ་མཁར་གྲོང་དུ་ལྟད་མོར་ལྟ་བཞིན་པའི་ཚུལ་རེད།