བོད་ལྗོངས་ཀྱི་ས་ཕྱོགས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་འདུག
发布时间:2025年08月20日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོག་ཉེར་ཡོད་པའི་མཚམས་འདིར། བོད་ལྗོངས་ཀྱི་ས་ཕྱོགས་གང་སར་དེ་བས་ཞི་མཐུན་དང་དགའ་སྤྲོའི་རྣམ་པས་ཁེངས་བཞིན་ཡོད། གཤམ་ནས་རྟེན་འབྲེལ་ཞུ་བའི་སྐད་ཅིག་ཉིད་ཀྱི་རྣམ་པར་མཉམ་དུ་དགྱེས་གཟིགས་གནང་དང་།

图片

ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་རྣམ་པ་གསར་རྐྱང་དུ་གྱུར་བའི་པེ་ཅིང་དཀྱིལ་ལམ།

图片

གཙུག་ལག་ཁང་ཐང་ཆེན་གྱི་རྟེན་འབྲེལ་ཆེན་མོའི་དྲིལ་བསྒྲགས་སྦྱར་ཡིག་གི་མདུན་དུ་ཡུལ་སྐོར་བས་དྲན་རྟེན་གྱི་པར་རྒྱག་བཞིན་པ།

图片
ལྷ་སའི་གྲོང་མི་མང་ཚོགས་ཀྱིས་རྟེན་འབྲེལ་ཆེན་མོའི་མཚོན་རྟགས་མདུན་དུ་པར་རྒྱག་བཞིན་པ།

图片མཛེས་རྒྱན་གྱིས་སྤུད་པའི་ལྷ་ས་གྲོང་ཁྱེར་གྱི་སྤྲིན་ཟམ།

图片

དར་ཚོན་གྱིས་བརྒྱན་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཧེ་ལུང་ཅང་ལྷོ་ལམ།

图片

མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཁྲོམ་གཞུང་གཡས་གཡོན་དུ་བཀལ་བའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོན་དར།

图片

མངའ་རིས་ས་ཁུལ་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་ཆེད་བཟོས་པའི་འབྲོང་གི་བརྐོས་བརྙན།