མཚོ་བྱང་ཁུལ་གྱི་ཕུལ་བྱུང་རྩལ་ནུས་འཇོན་མི69ཡིས་མཉམ་དུ“བཟོ་བོའི་གཟི་བརྗིད”འགྲན་རྩོད་བྱས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། མཚོ་བྱང་ཁུལ་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་དང་ལག་ཤེས་བཟོ་རྩལ་མི་སྣའི་བརྩམས་ཆོས་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ་མཚོ་བྱང་ཁུལ་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་སྤེལ་ལ། ཁུལ་ཡོངས་ཀྱི་ས་གནས་ཁག་གི་ཕུལ་བྱུང་རྩལ་ནུས་འཇོན་མི69འགྲན་སྡུར་ནང་ཞུགས་ནས་རྩལ་ནུས་མངོན།





ཐེངས་འདིའི་རྩལ་ནུས་འགྲན་སྡུར་བདེ་བླག་ངང་གཉེར་བ་ནི་ཁུལ་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རྫོང་སོ་སོའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་དང་ཁྱབ་གདལ་བཏང་བ་མ་ཟད། ལས་རིགས་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་ཀྱང་མངོན་པར་བྱས་པས་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་སྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་ལ། ངལ་རྩོལ་ལ་བརྩི་འཇོག་དང་ཤེས་བྱར་བརྩི་འཇོག འཇོན་མིར་བརྩི་འཇོག རྩལ་ནུས་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད།