མདོ་ལས་སྐྱེ་ཁམས་ཡུལ་སྐོར་གྱི་ཚ་རླབས་དྲག་པོ་བསུས་པ།
发布时间:2025年09月02日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པར། རྒྱལ་ཡོངས་ས་ཁུལ་མང་པོ་ད་དུང་ཚ་དུག་ཁྲོད་གནས་ཡོད་ཀྱང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ལོ་གཅིག་གི་ནང་མི་ལ་ཆེས་འཚམ་པའི་དུས་ཚིགས་བསུས་ཡོད། སྔོ་ཞིང་བསང་བའི་ནམ་མཁའ་དང་སྤྲིན་དཀར་གྱི་འདབས་མ། ཡངས་ཤིང་ཆེ་བའི་རྩྭ་ཐང་། བརྗིད་ཅིང་ཆགས་པའི་གངས་རི་བཅས་ནི་སྙན་ངག་དང་འདྲ་ལ་རི་མོ་དང་མཚུངས་པའི་སྐྱེ་ཁམས་མཛེས་སྡུག་ཅིག་ཏུ་གྲུབ་ཅིང་། རྒྱལ་ཡོངས་ས་གནས་སོ་སོའི་ཡུལ་སྐོར་པ་གཅིག་རྗེས་གཉིས་མཐུད་ཀྱིས་བཀུག་པ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་ཚ་རླབས་དྲག་པོ་ཞིག་འཕྱུར་དུ་བཅུག




