“ཀྲུང་ཧྭའི་ཆུ་ལྕོག”གི་སྐྱེ་ཁམས་འགྱུར་ལྡོག
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གཙང་གསུམ་འབྱུང་ཡུལ་ནི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ་དེས་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་སྨོས་མ་དགོས་པས། མི་རྣམས་ཀྱིས་རྒྱུན་དུ“གཙང་གསུམ་འབྱུང་ཡུལ་ལ་ཆམ་པ་ཕོག་ན་གོ་ལ་ཧྲིལ་པོས་སྣ་སྦྲིད་རྒྱག”ཅེས་རྗོད་ཀྱིན་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་མ་དབྱིན་ཞང་གིས་ངོ་སྤྲོད་བྱས་དོན།2016ལོའི་ཚུན་དུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སླར་གསོ་གཙོ་བོ་དང་།མི་ཐབས་ལ་བརྟེན་ནས་ཉམས་གསོ་བྱེད་པ་ཕལ་བར་བཟུང་ནས།སྔོན་ཐོན་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱེད་པ་དང་། ས་ནག་གྲམ་ཐང་དང་།ས་ནག་སྒང་འབུར།ཉམས་ཞན་རྩྭ་ཐང་དང་བརླན་ས།བྱེ་འགྱུར་ས་ཞིང་སོགས་བཅོས་སྐྱོང་ཉམས་གསོ་དང་།རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་སོགས་ཀྱི་བཟོ་འགོད་ལས་གཞི་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད།

མི་དང་རང་བྱུང་མཉམ་འཚོ་མཉམ་རྒྱལ་བྱུང་བ།
